ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས25ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དུ་བརྩིས་ནས། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། གུང་ཧོ་ཡི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་དང་མཚོ་ལྷོའི་དོན་ཚན་རྩོམ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་དྲིལ་སྒྲོག་ཡག་པོ་བྱེད་པ། ལག་བསྟར་ཡག་པོ་བྱེད་པ་དེ་ཏང་ཀྲུང་དབྱང་གིས་ཐབས་ཇུས་གལ་ཆེན་བཀོད་སྒྲིག་དང་དོན་འཁྱོལ་བྱེད་པར་འབྲེལ་བ་ཡོད་པ་དང་། ཁུལ་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལའང་འབྲེལ་བ་ཡོད་པས། ཁུལ་ཡོངས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱིས་གུང་ཧོ་གཤོངས་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་མཛེས་སྡུག་དང་སྤྲོ་སྐྱིད་ལྡན་པའི་འཚོ་བ་གསར་བ་གསར་སྐྲུན་བྱས་ཏེ།འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་དང་མཚོ་ལྷོའི་དོན་ཚན་རྩོམ་པར་དོན་སྙིང་གལ་ཆེན་ལྡན་པར་ནན་གྱིས་བསྟན། གྲོས་ཚོགས་ལས་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རང་འགུལ་གྱིས་དཔེ་སྟོན་དང་སྣེ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ཞིབ་ཀློག་བྱས་ཏེ། འབྲེལ་གཏུགས་ས་ཚུགས་དང་དོ་དམ་སྡེ་ཁག་གི་སྣེ་ཁྲིད་དེ་དྲིལ་སྒྲོག་དང་ཀློག་འདོན་བྱེད་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་དེ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཨུས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱ་བ་དེ་ཆེད་དོན་ཞིབ་འཇུག་བྱས་པ་བརྒྱུད། རིམ་པ་སོ་སོའི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་བྲེ་བྲག་དོ་དམ་འགན་འཁུར་བློ་མཐུན་གྱིས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱ་བར་དངོས་སུ་བཀོད་སྒྲིག་བྱས་ཏེ། མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ལྟ་སྐུལ་ཞིབ་བཤེར་བྱ་བ་ལེགས་པོར་སྤེལ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ཁེལ་བྱས་པའི་བསམ་ཕྱོགས་དམིགས་འབེན་དང་བྱེད་ཐབས་གལ་ཆེན། བྱེ་བྲག་གི་བླང་བྱ་ལྟར། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ལས་འགན་ཡི་གེ་དང་ཇུས་འགོད་རི་མོ་དང་ཟུང་འབྲེལ་བྱས་ནས། བཅོས་བསྒྱུར་བསམ་བློ་གཏོང་བ་དང་། འཕེལ་རྒྱས་ཇུས་འགོད་བྱས་ཏེ། བརྟན་བརླིང་འཛིན་པ་དང་། གསར་གཏོད་བརྩོན་ནས། མཛེས་སྡུག་གི་ཕུགས་འདུན་དེ་འཕེལ་རྒྱས་ཀྱི་དོན་དངོས་སུ་སྒྱུར་བ་དང་། དངོས་འབེབས་བྱེད་པ། མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་མགོ་ཁྲིད་དང་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་སྤེལ་ཏེ། རྫོང་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོས་གྲོས་བསྡུར་ཆེན་མོའི་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དུ་བསྒྱུར་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོ་ལྷོ་རུ་གཞི་ཚུགས་པ་དང་རྩ་བ་རྒྱས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།