ཀྲུང་གོ་བོད་ཀྱི་དྲ་བ།

རྨ་སྟོད་རྫོང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཆེད་དོན་འཆད་ཁྲིད་དང་སྤེལ་རེས་བགྲོ་གླེང་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་གཅིག་འགོར་བའི་སྐབས་འདིར།  ཟླ10བའི་ཚེས17ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས“རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན”གྱི་ཆེད་དོན་འཆད་ཁྲིད་དང་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཏང་ཨུའི་ཨུ་ཡོན། ཅུའུ་ཀྲང་གཞོན་པ་ཐེན་ཅུན་ལིང་གདན་འདྲེན་ཞུས་ཏེ། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱབ་ལྗོངས་འོག་རྨ་སྟོད་རྫོང་གི་གནས་ཚུལ་ལ་ཡང་བསྐྱར་ངོས་འཛིན་དང་བསམ་གཞིག》ཅེས་པ་བརྗོད་གཞིར་བཟུང་ནས།  རྨ་སྟོད་རྫོང་གི་ཏང་ཡོན་ལས་བྱེད་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།  མིག་སྔའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དུས་བབ་གསར་བ་དང་།  བླང་བྱ་གསར་བ།  ལས་འགན་གསར་བ།  དམིགས་ཚད་གསར་བ་བཅས་གསལ་རྟོགས་བྱེད་པ་དང་།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཁ་ཕྱོགས་དང་ལམ་བུ་ངོས་འཛིན་བྱེད་པ་བཅས་ཀྱི་ཆེད་དུ་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས། 

རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཏིང་ཧྥུན་ཧྲན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་བས་སྲུང་སྐྱོང་ཐོབ་པ་དང་། རྨ་ཆུའི་འགོ་ཁུངས་ཀྱི་ཆུ་འགོའི་གསོ་ནུས་རྒྱུན་མཐུན་ངང་ཆེ་རུ་ཕྱིན་ཞེས་བསྟན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།