ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་འབྲས་བུ་ཆེན་པོ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་།  རྐང་ཚ་རྫོང་གི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་མོ་བླངས་ནས།  རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་དང་འཕེལ་རྒྱས་གླེང་ནས།  སྤྱིར་བཏང་མིན་པའི་གྲུབ་འབྲས་དང་འབད་འབུངས་སྟོབས་ཤུགས་གཅིག་ཏུ་བསྡུས། 

རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲེང་ཆིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་འཇགས་པ། ཏང་གི་མགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ།  རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་།  འཐབ་རྩོད་བྱེད་ཕོད་པ།  འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད། དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་ཀྱི་བདེ་སྐྱིད་ཚད་མཐོར་འདེགས་གཏོང་བ།  སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེར་གཏོང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན།  ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཅས་བྱས་ནས་རླབས་ཆེན་གྱི་འབད་འཐབ་གསར་པར་བརྟེན་ནས། རླབས་ཆེའི་བྱ་གཞག་གསར་བ་བཏོད་དེ་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར། 

རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལ་ཡིས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱས་ནས།   “བློ་རྩེ་གཅིག་ཏུ་བསྒྲིམས་ནས་མདུན་བསྐྱོད་བྱེད་ཕོད་པའི”བརྩོན་ཞིབ་ཀྱི་སྙིང་སྟོབས་བརྟན་སྲུང་བྱས་ཏེ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཁྱོན་ཡོངས་ནས་དོན་འཁྱོལ།  བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་ཁ་ཕྱོགས་མཐའ་འཁྱོངས།  རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ཕན་འབྲས་ཐོན་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་།  དཔལ་འབྱོར་བརྟན་པོ་ཡོང་བའི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་གཏིང་ཟབ་བྱས་ནས།  རྣམ་གྲངས་འཛུགས་སྐྲུན་དང་ཚོང་འགུགས་དངུལ་འདྲེན།  དམངས་འཚོའི་འགན་སྲུང་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བཅས་བྱས་ཏེ།  རྒྱུན་མཐུད་ངང་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཧྲོའུ་ཏི་ཡིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་གི་ཇུས་གཞི་ཞིབ་འཇུག་གཏན་འབེབས་དང་།  སློབ་སྦྱོང་གི་འཆར་གཞི་དོན་འཁྱོལ།  བཀོད་སྒྲིག་ཞིབ་ཚགས།  སློབ་གསོ་གསོ་སྦྱོང་གི་ལས་དོན་དམ་འཛིན་བཅས་བྱས་ནས།  སློབ་སྦྱོང་གི་རྣམ་པ་བཟང་བོ་ཞིག་མགྱོགས་མྱུར་ངང་ཆགས་སུ་འཇུག་དགོས།  གཞི་རིམ་ཏང་འཛུགས་སྐྱོང་གི“བསམ་ཇུས་གཅིག”གི་འདུ་ཤེས་བརྟན་པོར་བཙུགས་ཏེ།  “ལྟེ་བ་གཅིག་དང་རུ་ཁག་ལྔ་ཡིས་དར་སྤེལ་ལ་སྐུལ་འདེད་གཏོང་བ”དང་།  “སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”བཅས་ཀྱི་ལས་ཀའི་བྱེད་སྟངས་ལག་བསྟར་ཡག་པོ་བྱེད་པ་དང་།  “ཐིང་གཉིས་ས་ཚུགས་བཞིའི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས།  རྒྱུད་རིམ་ལྡན་པའི་སྒོ་ནས་སྣེ་ཁྲིད་དང་།  ཕྱོགས་གང་ཅིའི་ཐད་ནས་དོ་དམ།  གནད་ཁེལ་ཅན་གྱི་ཐོག་ནས་ལས་བྱེད་པ་བསྐོ་སྤྱོད་བཅས་བྱས་ཏེ།  ཤེས་ལྡན་མི་སྣ་ཁྲིད་སྟོན་དང་གསོ་སྐྱོང་བཅས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།