ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྣམ་གྲངས་ཁག87བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས2022ལོའི་ཞིང་ཆེན་རིམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྣམ་གྲངས་འཛུགས་པའི་འཆར་གཞི་ཁྱབ་བསྒྲགས་བྱས་ནས། རྣམ་གྲངས་ཁག87བཙུགས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། དེའི་ནང་གཙོ་གནད་རྣམ་གྲངས9དང་། སྤྱིར་བཏང་རྣམ་གྲངས54། གཞོན་ནུའི་རྣམ་གྲངས24བཅས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་བྱ་རྒྱུའི་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ། རིག་ཚན་གྱི་བཀོད་པ་སྔར་བས་ཚན་རིག་དང་མཐུན་པ་དང་། རིག་གཞུང་གི་ཆུ་ཚད་སྔར་བས་མཐོར་འདེགས་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྔར་བས་རྒྱ་ཁྱབ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་བཏོད་ཆེད། ནུས་ལྡན་ངང་བསམ་བློ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།