ཀྲུང་གོ་བོད་ཀྱི་དྲ་བ།

གཅན་ཚའི་ཏང་འཛུགས་སྐྱོང་གིས“གསར་པ་གཉིས”རྩ་འཛུགས་ཀྱི“འབྱུང་རྩའི་སྒུལ་ཤུགས”ལ་སྣེ་ཁྲིད་དང་སྐུལ་སློང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གིས་དམིགས་ཚད་སྣེ་ཁྲིད་དང་མངོན་གསལ་དོད་པའི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་སྒོས་ཏང་གི་གཞི་རིམ་རྩ་འཛུགས་མ་ལག་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་བ་གཙོ་གནད་དུ་བྱས་ནས། “གསར་པ་གཉིས”ཀྱི་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ། མངོན་ཡོད་ཁྱབ་སྟངས་ནས་ནུས་ལྡན་ཁྱབ་སྟངས་སུ་འཕོ་འགྱུར་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། 

 འཛུགས་སྐྲུན་ཐད་རྫོང་ཏང་ཨུ་ཡིས་གཅིག་གྱུར་མགོ་ཁྲིད་དང་། “གསར་པ་གཉིས”ལ་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད། གཙོ་གཉེར་སྡེ་ཁག་གིས་འགན་འཁུར་བ་བཅས་ཀྱི་གོང་ནས་འོག་བར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གཏོད་པ་དང་། ཏང་འཛུགས་སྐྱོང་གི་མཉམ་འབྲེལ་ལས་དོན་ཚོགས་འདུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། “གསར་པ་གཉིས”ཀྱི་རྩ་འཛུགས་དང་རྫོང་ཐད་གཏོགས་ལས་ཁུངས་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས“1+1”གི་མཐུད་འབྲེལ་མཉམ་སྐྲུན་དང་མཉམ་དུ་སློབ་སྦྱོང་བྱེད་པའི་ཞིབ་འཇུག་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བཅས་བྱས་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། “གསར་གཉིས”རྩ་འཛུགས་ཀྱི“ཁྱབ་པ་གཉིས”ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ24མངགས་གཏོང་བྱས་ནས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཏང་ཀྲི་པུའུ16ཚད་ལྡན་ངང་བཙུགས། སྡེ་ཁུལ་གྱི་གཡུལ་སར་བརྟེན་ནས“གསར་པ་གཉིས·གསར་བརྗེའི་ས་ཚིགས་ཀྱི་ཁྱིམ་གཞིས”6བཙུགས་ཏེ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གཞི་གཅིག་དང་ཐུན་མོང་ཐོག་རྩ་འཛུགས་ཀྱི་འཚོ་བ་དང་། ཏང་ཡོན་གྱི་སློབ་གསོ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཏང་ནང་གི་རྩ་འཛུགས་ཀྱི་འཚོ་བར་སྐུལ་འདེད་བཏང་ནས“གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། “གནས་འདེམས་གསར་གཏོད་དང་། དཔེ་མཚོན་གསོ་སྐྱོང་། གནས་ཀྱིས་ཁྱོན་ཡོངས་འཁྲིད་པ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ཁུལ་རིམ་པའི་དཔེ་སྟོན་ས་ཚིགས3ཚད་གཞི་མཐོན་པོས་བཏོད་དེ་རྫོང་ཡོངས་ཀྱི“གསར་པ་གཉིས”ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་ཁྲིད་སྟོན་བྱས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏིང་ཡོད། དེ་དང་ཆབས་ཅིག་གཉིས་ཀར་ཁྱབ་གདལ་དང་གསོ་སྦྱོང་། ཐོབ་ཐང་མཉམ་འབྲེལ་ཞིབ་བཤེར། ལས་དོན་ཨུ་ལྷན་གྱི་གྲ་སྒྲིག་འདྲི་གཅོད་བཅས་ཀྱི་ཏང་ཡོན་འཕེལ་རྒྱས་ལམ་ལུགས་བཙུགས་ནས་ཆབ་སྲིད་ཀྱི་འགག་སྒོ་ནན་སྲུང་བྱས་པས་ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་དང་སྤྱི་ཡོངས་ཀྱི་བྱང་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། “གསར་པ་གཉིས”ཀྱི་རྩ་འཛུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རྫོང་དེ་ཡོངས་ཀྱི“གསར་པ་གཉིས”ཀྱི་རྩ་འཛུགས38དང་ཏང་ཡོན43གྱིས་རང་འགུལ་ངང་གཅེས་སེམས་རྒྱུ་དངོས་སྒོར་ཁྲི60ཙམ་ཞལ་འདེབས་བརྒྱབ་པ་མ་ཟད། སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་ནང་ཧུར་ཐག་སྒོས་ཞུགས་ནས“གསར་པ་གཉིས”ཀྱི་ཁག་ཁུར་དང་དྲང་ནུས་བརྒྱུད་བསྒྲགས་མངོན་པར་བྱས་ཡོད།  །

རྩོམ་སྒྲིག་པ། : ཕག་གྲུབ།