ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་མཱ་ཞིན་རུའེ་ཡི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2022-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་མཱ་ཞིན་རུའེ་ཡི་མཚམས་སྦྱོར་མདོར་བསྡུས། 

མ་ཞིན་རུའེ། ཕོ། རྒྱ་རིགས།1959ལོའི་ཟླ10པར་སྐྱེས། ཧྲན་ཏུང་ཡུན་ཁྲིན་གྱི་མི། 1988ལོའི་ཟླ3པར་བྱ་བར་ཞུགས། 1988ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྭ་ཨར་པིན་བཟོ་ལས་སློབ་ཆེན་འཕུར་སྐྱོད་སྒུལ་ཤུགས་རིག་པའི་ཞིབ་འཇུག་ཁང་གི་སྤྱིར་བཏང་ཤུགས་རིག་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། བཟོ་རིག་འབུམ་རམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས་ཡོད། 

བློ་མཐུན་ཝང་དབྱི་ཡི་མཚམས་སྦྱོར་མདོར་བསྡུས། 

ཝང་དབྱི། ཕོ། རྒྱ་རིགས། 1953ལོའི་ཟླ10པར་སྐྱེས། པེ་ཅིན་གྲོང་ཁྱེར་གྱི་མི། 1969ལོའི་ཟླ9པར་བྱ་བར་ཞུགས། 1981ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིན་ཕྱི་སྐད་སློབ་གླིང་གཉིས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སྐད་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད།

བློ་མཐུན་དབྱིན་ལི་ཡི་ལོ་རྒྱུས་མདོར་བསྡུས། 

དབྱིན་ལི། ཕོ། རྒྱ་རིགས། 1962ལོའི་ཟླ8པར་སྐྱེས། ཧྲན་ཏུང་ལིན་དབྱི་ཡི་མི། 1987ལོའི་ཟླ9པར་བྱ་བར་ཞུགས། 1983ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཨུ་རུ་སུའི་གསོ་རིག་ཚན་རིག་ཁང་གི་ཞེ་མ་ཧྲི་ཁེའི་སྤྱི་ཚོགས་འཕྲོད་བསྟེན་དང་། དཔལ་འབྱོར་དང་འཕྲོད་བསྟེན་བྱ་གཞག་དོ་དམ་ཞིབ་འཇུག་ཁང་གི་འཕྲོད་བསྟེན་དཔལ་འབྱོར་དང་འཕྲོད་བསྟེན་བྱ་གཞག་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། གསོ་རིག་འབུམ་རམས་པའི་བསླབ་གནས་ལྡན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྥུའུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། 

བློ་མཐུན་ཧྲི་ཐའེ་ཧྥིན་གྱི་མཚམས་སྦྱོར་མདོར་བསྡུས། 

ཧྲི་ཐའེ་ཧྥིན། ཕོ། རྒྱ་རིགས། 1956ལོའི་ཟླ9པར་སྐྱེས། ཧྲན་ཞིའི་ཡུས་ཧྲོའུ་ཡི་མི། 1974ལོའི་ཟླ5པར་བྱ་བར་ཞུགས། 1982ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིན་སློབ་ཆེན་བཅའ་ཁྲིམས་ཚན་ཁག་གི་ཁྲིམས་ལུགས་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའི་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། 

བློ་མཐུན་ལིའུ་གོ་ཀྲུང་གི་མཚམས་སྦྱོར་མདོར་བསྡུས།  

ལིའུ་ཀའོ་ཀྲུང་། ཕོ། རྒྱ་རིགས། 1962ལོའི་ཟླ7པར་སྐྱེས། ཧེ་ལུང་ཅང་ཝང་ཁུའེ་ཡི་མི། 1982ལོའི་ཟླ8པར་བྱ་བར་ཞུགས། 1986ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧ་ཨར་པིན་བཟོ་ལས་སློབ་ཆེན་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་ཚན་ཁག་གི་གནོན་ཤུགས་ལས་སྣོན་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། ལས་རོགས་བཟོ་བཀོད་པ་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད། 

བློ་མཐུན་ལི་ཀན་ཅེ་ཡི་མཚམས་སྦྱོར་མདོར་བསྡུས། 

ལི་ཀན་ཅེ། ཕོ། རྒྱ་རིགས།1964ལོའི་ཟླ11པར་སྐྱེས། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་ཡི་མི། 1989ལོའི་ཟླ7པར་བྱ་བར་ཞུགས། 1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིན་ཧྭ་སློབ་གྲྭ་ཆེན་མོའི་རྡུལ་ཕྲན་ནུས་པའི་ལག་རྩལ་ཞིབ་འཇུག་ཁང་གི་ཉིང་རྡུལ་འགྱུར་འབྱུང་ཕུང་པོའི་བཟོ་སྐྲུན་དང་བདེ་འཇགས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། མཐོ་རིམ་བཟོ་བཀོད་པ་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད། 

བློ་མཐུན་ལི་ཧྲུའུ་ལེ་ཡི་མཚམས་སྦྱོར་མདོར་བསྡུས། 

ལི་ཧྲུའུ་ལེ། ཕོ། རྒྱ་རིགས། 1964ལོའི་ཟླ1པོར་སྐྱེས། ཧི་ནན་ཡོན་དབྱང་གི་མི། 1984ལོའི་ཟླ12པར་བྱ་བར་ཞུགས། 1986ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིན་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་ཀྲུང་གོའི་དེང་རབས་རྩོམ་རིག་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། རྩོམ་རིག་རབ་འབྱམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལྡན་ལས་དོན་གྱི་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་ཡོད། 

བློ་མཐུན་ལི་ཧུང་ཀྲུང་གི་མཚམས་སྦྱོར་མདོར་བསྡུས། 

ལི་ཧུང་ཀྲུང་། ཕོ། རྒྱ་རིགས། 1956ལོའི་ཟླ8པར་སྐྱེས། ཧྲན་ཏུང་ཁྲང་ལེ་ཡི་མི། 1975ལོའི་ཟླ8པར་བྱ་བར་ཞུགས། 1976ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཅི་ལིན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དཔལ་འབྱོར་མཁས་པ་ཡིན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། 

བློ་མཐུན་ཧོ་ཝེ་ཏུང་གི་མཚམས་སྦྱོར་མདོར་བསྡུས། 

ཧོ་ཝེ་ཏུང་། ཕོ། རྒྱ་རིགས། 1957ལོའི་ཟླ5པར་སྐྱེས། ཅང་སུའུ་ཏུང་ཐའེ་ཡི་མི། 1972ལོའི་ཟླ12པར་དམག་དཔུང་ནང་ཞུགས། 1978ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཤིང་། སྐམ་དམག་གི་ཧྲང་ཅང་དམག་དཔོན་གྱི་དམག་མིིའི་གོ་རྟགས་ཡོད། 

བློ་མཐུན་ཧོ་ལི་ཧྥིན་གྱི་མཚམས་སྦྱོར་མདོར་བསྡུས། 

ཧི་ལི་ཧྥིན། ཕོ། རྒྱ་རིགས། 1955ལོའི་ཟླ2པར་སྐྱེས། ཀོང་ཏུང་ཞིན་ཉིན་གྱི་མི།1973ལོའི་ཟླ8པར་བྱ་བར་ཞུགས། 1981ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞ་མོན་སློབ་གྲྭ་ཆེན་མོའི་ནོར་སྲིད་དངུལ་རྩའི་ཚན་ཁག་གི་ནོར་སྲིད་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་གཞོན་པ་དང་། ཏང་ཙུའུ་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།