ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་འཐུས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཚོགས་འདུའི་འཐུས་མི་སྡོོད་ས་རུ། འཐུས་མི་འབའ་ཚེ་ལོ་དང་ཆོས་དབྱིངས་སྐྱིད། ལིའུ་ཞིའུ་ཆིན། ཉིའུ་ཧྲིན་ཡིའུ་བཅས་ཀྱིས་བསམ་ཚུལ་བརྗེ་རེས་བྱེད་བཞིན་པ།

3.jpg

འཐུས་མི་མ་ཞའོ་ཡུས་ཀྱིས་ཁང་བའི་ནང་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པ།

4.jpg

འཐུས་མི་ཅའོ་ཀྲིན་གྱིས་ནན་ཏན་ངང་སློབ་སྦྱོང་བྱེད་བཞིན་པ།

5.jpg

འཐུས་མི་ཧན་ཧྲི་ཡིས་བློ་སེམས་རྩེ་གཅིག་གིས་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རྣམ་པེ་ཅིང་དུ་འབྱོར་རྗེས། སློབ་སྦྱོང་བརྗེ་རེས་དང་རྒྱུ་ཆ་དག་སྒྲིག་བྱས་ཏེ་ཚོགས་འདུར་ཞུགས་པ་དང་འགན་འཁྲི་སྒྲུབ་པར་བློ་སེམས་རྩེ་གཅིག་གིས་གྲ་སྒྲིག་བྱེད་བཞིན་ཡོད།

ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་གསར་བ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་སྐབས་འདིར་འཚོགས་པའི་ཧ་ཅང་གལ་ཆེ་བའི་ཚོགས་ཆེན་ཞིག་ཡིན་པ་དང་། དེར་ཀུན་གྱིས་རེ་ལྟོས་དང་དོ་སྣང་བྱེད་བཞིན་ཡོད།

མཚོ་སྔོན་འཐུས་ཚབ་ཚོགས་པ་བཅའ་སྡོད་བྱེད་ས་རུ། འཐུས་མི་མ་ཞའོ་ཡུས་ཀྱི་ཅོག་ཙེ་སྟེང་རིགས་སོ་སོའི་སློབ་སྦྱོང་རྒྱུ་ཆ་དང་བརྟག་ཞིབ་བྱེད་སྐབས་བསྡུ་གསོག་བྱས་པའི་ཐོག་མའི་དཔྱད་གཞི་བཞག་ཡོད་པ་དང་། ཁོ་མོས་དུས་ཚོད་དམ་འཛིན་གྱིས་མཇུག་མཐའི་དག་སྒྲིག་འཐུས་ཚང་དུ་གཏོང་བཞིན་ཡོད་ལ།"པེ་ཅིང་དུ་མ་ཡོང་གོང་། ང་རང་ཞིང་སྡེ་དང་སློབ་གྲྭ། བཟོ་གྲྭ་བཅས་སུ་བརྟག་ཞིབ་དུ་སོང་སྟེ་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས་ཡོད། ཚོགས་འདུའི་སྟེང་། ངས་གཟི་བརྗིད་འདི་འགན་འཁྲི་དུ་བསྒྱུར་བ་དང་། ཡིད་ཆེས་དེ་སྒུལ་ཤུགས་སུ་བསྒྱུར་བ། ལས་འགན་དེ་འགན་ཁུར་དུ་བསྒྱུར་ནས། མཚོ་སྔོན་ཞིང་ཆེན་གྱི་ལོ་ངོ་བཅུའི་རིང་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འགྱུར་ལྡོག་དང་མཐོ་སྒང་རིགས་སོ་སོའི་བུ་བུ་མོས་དྲིན་གཟོ་འབད་བརྩོན་གྱི་བསམ་ཚུལ་ཡག་པོར་བཤད་རྒྱུ་ཡིན"ཟེར།

ཚོགས་འདུ་འཚོག་ལ་ཉེ་བས། ང་ལ་སྔར་ལས་ལྷག་པའི་སྒོ་ནས་གུང་ཁྲན་ཏང་ཡོན་འཐུས་མི་ཞིག་གི་འགན་འཁྲི་གཟི་བརྗིད་དང་འགན་ཁུར་ལྕི་མོ་ཡིན་པའི་སེམས་ཚོར་བྱུང་། འཐུས་མིའི་འགན་འཁྲི་སྔར་བས་ལེགས་པོར་སྒྲུབ་ཆེད། ཉིན་འདི་གཉིས་རིང་ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་ཞིབ་ཏུ་སློབ་སྦྱོང་བྱས་པ་ཡིན་ལ། མུ་མཐུད་དུ་མཚོ་སྔོན་གྱི་ལོ་ངོ་བཅུའི་རིང་འགྲིམ་འགྲུལ་འཛུགས་སྐྲུན་ཁྱབ་ཁོངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སོགས་ཐད་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ། སེམས་གཏིང་ནས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་ལ་སེམས་གཏིང་བ་ཚོར་བ་ཟབ་མོ་སྐྱེས། ང་རང་སེམས་ཤུགས་ཆེན་པོས་ཚོགས་ཆེན་ལ་ཞུགས་ནས། ཚོགས་ཆེན་གྱི་དགོངས་དོན་ངོ་མ་དེ་མཚོ་སྔོན་དུ་འཁྱེར་རྒྱུ་ཡིན་ཞེས་འཐུས་མི་ཧན་ཧྲི་ཡིས་བཤད།

འཐུས་མི་ལིའུ་ཞིའུ་ཆིན་གྱིས་གྲ་སྒྲིག་བྱེད་པའི་གོ་རིམ་ཁྲོད། ལོ་ངོ་བཅུའི་རིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་ཕྱིར་དྲན་བྱས་ཤིང་། རོང་འབྲོག་ཁུལ་གྱི་སློབ་གསོའི་རྨང་གཞི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དང་དགེ་རྒན་གྱི་དཔུང་ཤུགས་སྔར་བས་འཐུས་ཚང་དུ་གྱུར་པ། སློབ་གསོའི་རྣམ་པ་སྔར་བས་སྣ་མང་དང་སློབ་གསོའི་སྤུས་ཚད་མུ་མཐུད་དུ་འཐོར་འདེགས་བྱུང་བར་རང་དབང་མེད་པར་སེམས་འགུལ་ཐེབས། མོས་བསྟན་དོན། རང་ཉིད་ཀྱིས་གཞི་རིམ་ཏང་ཡོན་ཞིག་གི་སེམས་གཏམ་དེ་ཚོགས་ཆེན་སྟེང་བརྗོད་དེ། སློས་གསོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་གཞིགས་ཏེ་ཧུར་ཐག་གིས་གཏམ་བཤད་སྤེལ་ནས། ཏང་ཡོན་འཐུས་མི་ཞིག་གི་འགན་འཁྲི་དང་ཁག་ཁུར་མངོན་པར་བྱ་རྒྱུ་ཡིན་ཟེར།

 མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་ཀྱིས། ཆུ་ཚད་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོའི་སྒོ་ནས་ཏང་གི་འཐུས་མིའི་བླ་མེད་འགན་འཁྲི་ལག་བསྟར་བྱེད་པ་དང་། བློ་སེམས་ཞིབ་མོས་ཚོགས་ཆེན་གྱི་སྙན་ཞུར་མཉན་ཏེ། བརྟག་བཤེར་གཏིང་ཟབ་དང་ཞིབ་ཀློག་གཏམ་བཤད་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བདེ་བླག་ངང་འཚོགས་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སེམས་སུ་ཟུག་པར་བྱས་ནས་མཚོ་སྔོན་དུ་བརྒྱུད་སྒྲོག་བྱ་རྒྱུ་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།