ཀྲུང་གོ་བོད་ཀྱི་དྲ་བ།

ཚྭ་འདམ་གཤོང་ས་ནི་རྩ་ཆེའི་འདབ་ཆགས་ཀྱི་ཞིང་ཁམས་སུ་གྱུར།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལེན་རྫོང་ཏུང་ཏ་ཐན་བརླན་སའི་ཉེ་འགྲན་དུ། ཁྲུང་ཁྲུང་སྐེ་ནག་ཁྱུ་ཞིག་གིས་གཟན་འཚོལ་བཞིན་ཡོད། ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་མཐོ་སྒང་དུ་སྐྱེ་འཚར་དང་རྒྱུད་སྤེལ། དགུན་སྒྲོལ་བའི་ཁྲུང་ཁྲུང་རིགས་གཅིག་པུ་ཡིན་ཞིང་། མཚོ་བོད་མཐོ་སྒང་གི་ཁྱད་ལྡན་རྩ་ཆེའི་འདབ་ཆགས་རིགས་ཤིག་ཀྱང་ཡིན། ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་མཐོ་སྒང་གི་སྐྱེ་ཁམས་འགྱུར་ལྡོག་གི་ཕྱོགས་སྟོན་རང་བཞིན་གྱི་དངོས་རིགས་ཡིན་པས། དེ་འཚོ་སྡོད་བྱེད་སར་གལ་ཆེའི་སྐྱེ་ཁམས་དཔྱད་གཞིའི་དམིགས་ཚད་ལྡན་པ་ཡིན། ཉེ་བའི་ལོ་འགའི་རིང་། ཝུའུ་ལེན་རྫོང་གིས་མུ་མཐུད་དུ་ཁོར་ཡུག་བཅོས་སྐྱོང་དང་བརླན་སའི་སྐྱེ་ཁམས་སླར་གསོར་ཤུགས་བསྣན་པས། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། ངང་སེར་སོགས་ཆུ་བྱ་རིགས་མང་པོ་ཞིག་ཏུའུ་ལེན་མཚེའུ་དང་ཏུང་ཏ་ཐན་སོགས་ཀྱི་ཆུ་ཁོངས་དང་བརླན་སར་བཀུགས་ཡོད་པ་རེད། །

01.jpg

ཁྲུང་ཁྲུང་སྐེ་ནག་དང་ངང་སེར་གྱིས་མཉམ་དུ་གཟན་འཚོལ་བཞིན་པ།

02.jpg

ཁྲུང་ཁྲུང་སྐེ་ནག་གིས་བརླན་སར་གཟན་འཚོལ་བཞིན་པ།

03.jpg

ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་བཞིན་པ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།