ཀྲུང་གོ་བོད་ཀྱི་དྲ་བ།

“རྩ་འཛུགས་གསར་པ་གཉིས”ཀྱི་སེམས་པ་ཏང་ལ་ཕྱོགས་ནས་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a860e817-7ed0-49f4-9e8f-aeedb6f8c092.jpg

ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་བའི་སྐབས་འདིར།གཏེར་ལེན་ཁ་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་ཡིས་ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་བྱས་ནས་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། རུ་མི་བཟང་པོར་འབད་བརྩོན་བྱེད་ཅེས་པའི་མུ་འབྲེལ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་སྒོ་སྤེལ་ཏེ། རྒྱ་ཆེ་བའི་ན་ཆུང་གདོང་ལེན་རུ་མིས་གསར་བརྗེའི་མེ་སོན་རྒྱུན་འཛིན་དང་། ལོ་ཆུང་ནས་ཏང་གི་བཀར་མཉན་པ་དང་གཏན་དུ་ཏང་གི་རྗེས་སུ་འབྲང་བའི་སློབ་གསོ་བཏང་། 

གསར་མདོག་གི་སྟོན་ཁར་དགྱེས་ཚོགས་བསུ་བ་དང་། དམར་པོའི་སེམས་པ་ནམ་ཡང་ཏང་ལ་ཕྱོགས་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་བའི་སྐབས་འདིར། མཚོ་ནུབ་ཁུལ་སོག་རིགས་བོད་རིག་རང་སྐྱོང་ཁུལ་གྱིས“རྩ་འཛུགས་གསར་པ་གཉིས”ཀྱི་ཁྱབ་ཁོངས་ཀྱི་ག་ས་གང་དུ་དགྱེས་ཚོགས་སྤྲོ་བས་བསུ་བའི་མཁའ་དབུགས་སྟུག་པོས་ཁེངས་འདུག ནང་དོན་ཕུན་ཚོགས་པ་དང་བརྗོད་གཞི་མངོན་གསལ་ཡིན་པ། རྣམ་པ་སྣ་ཚོགས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤྲོ་སེམས་འཁོལ་བས་སྤེལ། རྒྱ་ཆེ་བའི་ཏང་ཡོན་ལས་བཟོ་མང་ཚོགས་ཀྱི་སེམས་ལ་རེ་སྒུག་གིས་ཁེངས་ཞིང་། སྤྲོ་དགའ་ཆེན་པོས་ཏང་གི་མཛད་རྗེས་རླབས་ཆེན་ལ་བསྟོད་གླུ་འབུལ་བ་དང་། དུས་རབས་ཀྱི་གཞི་གདངས་གླུ་རུ་ལེན་ལ། དངོས་གཉེར་བྱས་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་སྤྲོ་བས་བསུས། 

དམར་པོའི་རིག་གནས་སློབ་སྦྱོང་སྒོས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས། 

ཟླ10པའི་ཚེས8ཉིན། རྒྱལ་སྟོན་ལ་རོལ་རྗེས་ཀྱི་བྱ་བའི་ཉིན་དང་པོར། མཚོ་ནུབ་ཁུལ་ན་གོར་མོ་ཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་དུ། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པོད་བཞི་པ་སློབ་སྦྱོང་མྱོང་རྟོགས་བརྗེ་རེས་བྱེད་པའི་ཏང་གི་སློབ་ཁྲིད་ཅིག་མཚོ་སྔོན་དབུས་འཛིན་ཉི་ནུས་གློག་འདོན་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་རུ་སྤེལ། ”བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད། ཚང་མས་མྱོང་ཚོར་བརྗོད་པ་དང་གོ་རྟོགས་གླེང་ཞིང་། བསམ་བློའི་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུས་ནས། ཕུགས་འདུན་དེད་སེམས་སྔར་ལས་ཇེ་བརྟན་དུ་བཏང་།“ ཞེས་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥན་ཡུའུ་ཧྭ་ཡིས་བཤད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་བའི་སྐབས་འདིར། ཚང་མས་སྔར་ལས་དཔང་མཐོ་བའི་བསམ་པའི་ཉམས་འགྱུར་དང་སྔར་ལས་ནན་ཏན་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་ཐོན་སྐྱེད་ལས་འགན་ལེགས་ཐོན་ཚད་སླེབས་ལ་ཁག་ཐེག་བྱས་ཤིང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ལ་བརྟེན་ནས་དགྱེས་ཚོགས་བསྡུ་བར་བསུ་མ་ཞུས། 

“དཔེ་ཀློག་བྱེད་སྒོས་བྱིས་པའི་བྱིས་དུས་ཀྱི་འཚོ་བར་ཕུན་སུམ་ཚོགས་པར་གཏོང་ཐུབ་ལ། ཁོ་ཚོ་ཆུང་དུས་ནས་དཔེ་ཀློག་ལ་དགའ་བའི་གོམས་གཤིས་སྐྱོང་ཐུབ།” ན་གོར་མོ་ཧྲི་ཧྭ་གཞིས་ལས་དོ་དམ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ལ་ཉེ་བའི་སྐབས་འདིར། གཞོན་ནུ་ལོ་ཆུང་གི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྐྱོང་བ་འཇུག་སྒོ་བྱས་ཏེ། “ཧྲི་ཧྭ་གཞིས་ལས་དཔེ་ཆའི་དྲི་བསུང་འཐུལ་བའི་གཞིས་ཁུལ། དཔེ་ཀློག་པ་ཆུང་ཆུང”ཞེས་པའི་བྱེད་སྒོ་སྤེལ། བྱེད་སྒོའི་ཁྲོད། གཞིས་ཁུལ་ལས་དོན་པས་བློ་ཞིབ་མོས་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་ལ་འཚམ་པའི་དམར་པོའི་བཀླག་དེབ་སྐོར་ཞིག་བདམས་ཏེ། བྱིས་པས་དཔེ་ཀློག་གི་མྱོང་ཚོར་མཉམ་རོལ་བྱེད་པར་སྣེ་ཁྲིད་ཅིང་། རྒྱལ་གཅེས་ཏང་གཅེས་ཀྱི་བསམ་བློ་བརྟན་པོར་བཙུགས། 

གཞོན་ནུ་ལོ་ཆུང་གིས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཏང་གི་བྱ་གཞག་གི་རྒྱུན་འཛིན་པར་འབད་བརྩོན་བྱེད་པར་སྐུལ་མ་སྣེ་ཁྲིད་བྱ་ཆེད། གཏེར་ལེན་ཁ་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཏང་ཀྲི་པུའུ་ཡིས། གྲོང་ཁྱེར་ཡོངས་ཀྱི་ན་ཆུང་གདོང་ལེན་རུ་ཁག་བར་མ164དང་ན་ཆུང་གདོང་ལེན་པ6300ལྷག་རྩ་འཛུགས་སྒོས“ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། གདོང་ལེན་རུ་མི་བཟང་པོར་འབད”ཅེས་པའི་ཡུལ་དངོས་སློབ་ཁྲིད་དང“ལོ་ཆུང་གདོང་ལེན་རུ་མི་སློབ་སྦྱོང་ལ་དགའ”ཞེས་པའི་དྲ་ལམ་སློབ་ཁྲིད་སོགས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཐད་གཏོང་བྱེད་སྒོ་སྤེལ་ཏེ། རྒྱ་ཆེ་བའི་ན་ཆུང་གདོང་ལེན་རུ་མིས་གསར་བརྗེའི་མེ་སོན་རྒྱུན་འཛིན་དང་། ལོ་ཆུང་ནས་ཏང་གི་བཀར་མཉན་པ་དང་གཏན་དུ་ཏང་གི་རྗེས་སུ་འབྲང་བའི་སློབ་གསོ་བཏང་། 

བྱེད་སྒོ་སྟེགས་བུ་བཙུགས་ནས་ཏང་གི་སྐད་སྒྲ་བསྒྲགས། 

རྒྱལ་སྟོན་བསླེབ་ལ་ཉེ་བའི་སྐབས་དེར། ན་གོར་མོ་གྲོང་ཁྱེར་ཀྲེ་ཅང་ཚོང་དོན་ཚོགས་པའི་ལས་ཁུངས་ཏང་ཀྲི་པུའུ་ཡིས་ལས་བཟོ་པས་ཏང་ལ་བློ་དཀར་ཞིང་ཡིད་ཆེས་པ་དང་མེས་རྒྱལ་ལ་སྨོན་འདུན་བཟང་པོ་བརྩེ་བ་ཆེན་པོས་སྟོན་པར་སྐུལ་ཆེད། “ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ། མེས་རྒྱལ་ལེགས་པའི་བསྟོན་གླུ་འབུལ”ཞེས་པའི་དྲ་ལམ་རྩོམ་བསྡུའི་བྱེད་སྒོ་སྤེལ། བྱེད་སྒོར་ཞུགས་པའི་ལོ་རབས་དགུ་བཅུ་པའིི་རྗེས་སུ་སྐྱེས་པའི་ཏང་ཡོན་དབྱང་ཧུང་ཅུའུ་ཡིས། “དེ་རིང་གི་མཛེས་སྡུག་འཚོ་བ་ལས་སླ་མོས་བྱུང་བ་ག་ལ་ཡིན། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ངས་རང་གི་ལས་གནས་སུ་རྐང་བཙུགས་ཏེ། འབད་པ་བརྒྱ་འགྱུར་དང་སེམས་ཤུགས་གཅིག་བསྡུས་སྒོས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་རྒྱུ་ཡིན”ཞེས་ཚོར་འདུ་དྲག་པོས་བཤད། 

ཟླ10པའི་ཚེས9ཉིན། ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ལྷན་རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་བྱང་གི་ཐང་ཆེན་དུ། ས་གནས་དེ་གའི་བྲིས་པ་མང་པོ་གཅིག་ཏུ་འདུས་ནས། རང་ཉིད་ཀྱི་ཏང་གི་དགའ་ཞེན་དང་རླབས་ཆེན་མེས་རྒྱལ་གྱི་ལེགས་སྐྱེས། མེས་རྒྱལ་གྱི་མ་འོངས་པའི་མཛེས་སྡུག་ལྡན་པའི་རེ་སྙེག་སྨྱུག་རྩེར་བསྡུས་ཤིང་། ཡིག་གཟུགས་དང་རི་མོ་བརྩམས་ཆོས་རེ་རེས་ཚང་མའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་བསྡུ་བར་བསུ་མ་ཞུ་བའི་སྤྲོ་དགའི་སེམས་པ་མཚོན་པར་བྱས། 

མཚོ་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་གསར་པ་གཉིས་ཀྱི་བཟོ་ཚོགས་ཏང་ཨུའི་གཞུང་ལས་ཁང་གི་ལས་མི་ཧུ་ཆོན་གྱིས་ངོ་སྤྲད་པ་ལྟར་ན། ཉེ་བའི་ཉིན་འདི་དག་ལ། མཚོ་ནུབ་ཁུལ“རྩ་འཛུགས་གསར་པ་གཉིས”ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་བའི་རྒྱུད་སྐུད་གཙོ་བོ་འདིར་དམིགས་ཤིང་། འཆར་འགོད་ལ་འབད་པ་དང་རིམ་དགར་སྐུལ་སྤེལ་སྒོས། “རྩ་འཛུགས་གསར་པ་གཉིས”ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བཟོ་པར་བྱེད་སྒོའི་སྟེགས་བུ་བཙུགས་པ་དང་། ས་གནས་སོ་སོས་བདེ་འཇགས་ཐོན་སྐྱེད“ཉིན་བརྒྱའི་འགག་སྒྲོལ”འགུལ་སྐྱོད་དང“ཏང་ལ་ཚིག་གསུམ་བཤད”ཅེས་པའི་བརྙན་ཐུང་བསྡུ་བ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་ཆེད་མཁའ་དབུགས་སྟུག་པོ་བསྐྲུན། 

གཞི་རིམ་བཅོས་སྐྱོང་ལ་ནུས་ཤུགས་བསྩལ་ནས་བདེ་འཇགས་ཀྱི་འགོག་རགས་བརྟན་པོར་བརྩིགས། 

ཐེམ་ཆེན་རྫོང་དུ། ཕྱུགས་ཟོག་གསོ་བའི་ལས་རིགས་ནི་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡིན། ཟླ8པའི་ཟླ་དཀྱིལ་དུ། རིམས་ནད་ཀྱི་དབང་གིས་ནོར་ལུག་ཕྱིར་བཙོང་མ་ཐུབ། མཚོ་ཁུངས་ཕྱུགས་ལས་དར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་གནས་ཚུལ་ཤེས་རྗེས། དམངས་གཉེར་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་རང་འགུལ་གྱི་ལག་ཏུ་བསྟར་ཞིང། དུས་ཐོག་ཏུ་རྩ་འཛུགས་བྱས་ཏེ“འབྲོག་པ་མང་ཚོགས་ལ་བརྩེ་བས་རོགས་བྱེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ། འབྲེལ་ཡོད་གཙོ་གཉེར་དོ་དམ་སྡེ་ཁག་ལ་འབྲེལ་བ་བྱས་པ་བརྒྱུད། ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བརྒྱུད་ལམ་ཤར་གཏོང་ཐུབ་པར་མཐུན་སྦྱོར་བྱས་པ་དང་ཉོ་མཁན་ཚོང་པར་འབྲེལ་བ་བྱས་པ། དངོས་སྐྱེལ་རླངས་འཁོར་འདོན་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་ནས། ནོར་ལུག་ཕྱིར་བཙོང་ལ་རོགས་རམ་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཁེ་ཕན་ལ་ཁག་ཐེག་བྱས། 

“ཁེ་ལས་ལས་མགོ་བསྐྱར་འཛུགས་ལ་རོགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་ཆེད་བརྟན་འཇགས་ཡིན་པའི་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་མཁོ་འདོན་བྱས།” ཉེ་ལམ། མཚོ་སྔོན་ཚྭ་མཚོའི་ཁྲིམས་རྩོད་པའི་ལས་དོན་ཁང་གིས་ཁྲིམས་རྩོད་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཏེ་ཁེ་ལས་སུ་བསྐྱོད་ཅིང་། ཐོན་སྐྱེད་འདྲི་བ་དང་འཕེལ་རྒྱས་གླེང་བ། དཀའ་གནད་སེལ་བ་བཅས་ཀྱི་སྒོ་ནས། ཁེ་ལས་ཀྱིས་ཐོན་སྐྱེད་ཚོང་གཉེར་ཁྲོད་ཀྱི་བཅའ་ཁྲིམས་དཀའ་གནད་ཐག་གཅོད་པར་རོགས་རམ་བྱས་པ་དང་། ཁེ་ལས་ཀྱིས་ཁྲིམས་ལྟར་ཚོང་གཉེར་ཚད་ལྡན་ཡོང་ཆེད་སྤུས་ཚད་མཐོ་བའི་བཅའ་ཁྲིམས་ཞབས་ཞུ་མཁོ་སྤྲོད་བྱས་པར་མ་ཟད། བཅའ་ཁྲིམས་སྐོར་གྱི་སློབ་ཁྲིད་ཐུང་ཐུང་དང་བཅའ་ཁྲིམས་ཁྱབ་གདལ་ཐད་གཏོང་སོགས་བྱེད་སྒོ་སྤེལ་བ་དང་། དྲ་ལམ་ནས་སྡེ་ཁུལ་སྡོད་དམངས་ཀྱི་རྩོད་གཞི་ཐག་གཅོད་པར་ཞུགས་ཤིང་། གཞི་རིམ་བཅོས་སྐྱོང་ལ་རོགས་རམ་བྱས། 

མཚོ་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཡ་ཧྥིན་ཡིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུ་ཆེད། མཚོ་ནུབ་ཁུལ་གྱི“རྩ་འཛུགས་གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཉེན་ཁ་འགོག་ཅིང་། བདེ་འཇགས་དང་བརྟན་འཇགས་སྲུང་བའི་བྱ་བའི་བཀོད་སྒྲིག་བླང་བྱ་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། “རྩ་འཛུགས་གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གདོང་མཆོང་མིག་དཔེའི་ནུས་པ་ལེགས་པར་བཏོན། ཏང་ཡོན་གཞི་རིམ་དུ་བསྐྱོད་པ་དང་། རང་འགུལ་གྱིས་ཐོབ་ཐང་གསལ་བ། སྣེ་ཁྲིད་པ། སྣང་བརྙན་སློང་བ་བཅས་ཀྱི་སྒོ་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དྲ་མིག་ཏུ་འབད་པས་ཞུགས་ཤིང་། བདེ་འཇགས་བརྟན་ལྷིང་དང་འཆམ་མཐུན་གོ་རིམ་ལྡན་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པར་སྐུལ་ནས། དགྱེས་ཚོགས་རྒྱལ་ཁའི་ངང་བསྡུ་ཆེད་བློ་གཅིག་སེམས་གཅིག་གིས་རོགས་འདེགས་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།