ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན་མི་བརྗེད་པར་ནམ་ཡང་ལས་ལ་འབད་བཞིན་པའི་མཚོ་སྔོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ee948878-d167-4d4a-9474-4eb58b3b9a29.jpg

བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པ། 

17e10330-3b51-43d0-bbba-8bd8714c2214.jpg

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གྱི་མཁར་ཡུལ་ཚོའི་སྦྲ་གུར་ཉེན་ཟོན་ཁང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བཞིན་པ། 

42f7a5e7-6fe7-41f1-b110-87fdc6a37e64.jpg

སྤྱི་བདེའི་མི་དམངས་ཉེན་རྟོག་པས་བོར་སོང་བའི་བྱིས་པ་བཙལ་ཏེ་ཁྱིམ་བདག་ལ་སྤྲོད་བཞིན་པ། 

2a2ee242-d28b-4397-aa22-1f063da2e0be.jpg

སྤྱི་བདེ་མི་དམངས་ཉེན་རྟོག་པས་རྒན་པ་ཚོར་རྒན་གསོའི་དངུལ་མགོ་སྐོར་ཐེབས་པའི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ། 

བདེ་འཇགས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་སུ་ཕྱིན་ཡོད། དེའི་སྟེང་ནས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག་ཡིན་པ། སྒྲིག་ཁྲིམས་ནན་སྲུང་བྱེད་པ་དང་། དར་ཆ་བསྒྲེངས་ནས་མདུན་བསྐྱོད་བྱེད་པ་དང་རང་འགན་མི་ལྡོག་པ་ཞེས་པའི་དམ་བཅའ་བརྟན་པོ་མཚོན་ཐུབ། 

བདེ་འཇགས་ཀྱི་འཛུགས་སྐྲུན་ལ་ཁ་དོག་ལྡན། དེ་ནི་རིམས་ནད་མ་ཡལ་ན་ང་ཚོ་དུས་གཏན་དུ་གནས་པའི“གོས་བུ་ལྷ་དཀར་ཅན”དང་། མདུན་གྲལ་དུ་མཆོང་ཕོད་པ་དང་ལས་འགན་ལྗིད་མོ་འཁུར་ཕོད་པའི“ཉེན་རྟོག་པ་དག་ཡིན། 

བདེ་འཇགས་ཀྱི་འཛུགས་སྐྲུན་ལ་བྲོ་བ་ལྡན། དེ་ནི་རྔུལ་ཆུའི་གྱོན་པ་བརླན་ཞིང་འགག་རྩའི་དུས་སུ་མདུན་དུ་མཆོང་ཕོད་པ་དང་། གོམ་སྟབས་ཆེན་པོ་སྤོས་ནས་ཉེན་ཁར་འཕྲད་པའི་འགག་རྩའི་དུས་སུ་རང་སྲོག་བློས་གཏོང་ཐུབ་པའི་ལས་གནས་བརྟན་སྲུང་བྱེད་པའི་ལས་བཟོ་བ་དག་ཡིན། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས། ཁྱོན་ཡོངས་ནས“གློད་སྡོམ་ཞབས་གསུམ”བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛིན་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་གསར་པ་འཚོལ་ཞིབ་དང་ལག་ལེན་བཅས་བྱས་ནས། རིམ་པ་བཞིན་ཕྱོགས་སོ་སོ་ནས་རྒྱལ་ཁ་བླངས། 

ད་ལྟའི་མཐོ་སྒང་ནི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་། དམངས་འཚོ་བདེ་འཇགས་དང་མི་རིགས་སོ་སོའི་བདེ་སྣང་དང་སྐྱིད་སྣང་རྒྱུན་མཐུན་ངང་མཐོར་འདེགས་སུ་ཕྱིན་ནས།  ནམ་ཡང་བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་ཕོད་པའི་སྒོ་ནས། མཚོ་སྔོན་གྱིས་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།