ཀྲུང་གོ་བོད་ཀྱི་དྲ་བ།

{ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་འགྱུར།} ཀྲང་ཅིན་མའེ། མཐོ་སྒང་དུ་ལོ་ངོ་སུམ་ཅུར་གཞི་བཙུགས་ནས་གྲོང་ཁྱེར་ལ་མེ་ཏོག་གིས་དྲི་ཞིམ་འཐུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་འགྱུར་ལས་ང་ཚོས་མཉམ་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ཚལ་ཞིབ་འཇུག་སའོ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཅིན་མའེ་ལ་རྒྱུས་ལོན་ཞིག་བྱ།

ཉིན་འདི་འགར། ཀྲང་ཅིན་མའེ་དང་ལས་གྲོགས་ཚོ་མཚོ་བོད་མཐོ་སྒང་དུ་ལི་ཤིའི་རྒྱུད་འདྲེས་ཀྱི་ཐོག་མའི་ཚོད་ལྟ་ལ་བྲེལ་བཞིན་ཡོད་པ་དང་། མེ་ཏོག་ར་བའི་ནང་གདེམ་གསེས་བྱེད་དགོས་པའི་ལི་ཤི་རིགས་བརྒྱ་ལྷག་ནི་ཀྲང་ཅིན་མའེ་ཡི་ལོ་ངོ་མང་པོའི་རིང་གི་འབད་བརྩོན་ལས་བྱུང་བ་ཡིན། ལོ་ངོ30ཡར་སྔོན་དུ། ཁོ་མོ་མཚོ་སྔོན་ཞིང་ཆེན་ཞིང་ནགས་སློབ་གྲྭ་ནས་མཐར་ཕྱིན་རྗེས། ད་བར་དུ་ལྗང་བསྒྱུར་གྱི་ལས་དོན་ལ་འབད་པ་བྱེད་བཞིན་ཡོད། མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་སྡུག་པས། ལི་ཤི་ནི་གནའ་བོའི་མཐོ་སྒང་གི་དངོས་རིགས་ཤིག་ཡིན་པ་དང་། དེར་མ་ཟད་ཟི་ལིང་གྲོང་ཁྱེར་གྱི་མཚོན་རྟགས་མེ་ཏོག་ཀྱང་ཡིན་པས། སྐབས་དེར་རྒྱ་ཆེར་ངང་གསོ་སྤེལ་བྱས་ཡོད་ནའང་གསོན་ཚད་ཤིན་ཏུ་དམའ་བ་དང་། མཛེས་ལྗོངས་ཀྱི་ཕན་འབྲས་ཀྱང་དེ་འདྲ་ལེགས་པོ་མེད། ཀྲང་ཅིན་མའེ་ཡིས་རྩ་ཆེའི་ལི་ཤི་རིགས་སྲུང་སྐྱོང་དང་གསོ་སྤེལ་བྱེད་པ་དང་། དེ་ནས་གསོ་སྤེལ་ལག་རྩལ་ལེགས་བཅོས་བཅས་ཕྱོགས་གཉིས་ཀྱི་ཐད་ཤུགས་བསྣན་ཞིང་། ཁོ་མོ་ལོ་རེར་ཉིན200ལྷག་ལ་མཚོ་སྔོན་དང་ཀན་སུའུ་སོགས་ས་ཁུལ་དུ་བསྐྱོད་དེ། སྟོངས་ཉེན་ཆེ་བའི་ལི་ཤིའི་རིགས་འཚོལ་ཞིབ་བྱས། དུས་མཚུངས་སུ། ཚོད་ལྟ་ཐེངས་སྟོང་ལྷག་བརྒྱུད་དེ། ལི་ཤིའི་གསོ་སྤེལ་བྱེད་ཐབས་དང་ལག་རྩལ་ལེགས་བཅོས་དང་གསར་སྐྲུན་བྱས་ཡོད།

1.png

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ཚལ་ཞིབ་འཇུག་སའོ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཅིན་མའེ་ཡིས་བཤད་རྒྱུར། ནགས་འཛུགས་ལྗང་བསྒྱུར་གྱི་ལས་ཀ་ལྗིད་ཞིང་དཀའ་ཚེགས་ཆེ་ན་ཡང་། དེ་མི་སུ་ཞིག་གིས་ངེས་པར་དུ་སྒྲུབ་དགོས་ལ། ལོ་བཅུ་རིང་ལེགས་འགྲུབ་མ་བྱུང་ན་ཡང་བསྐྱར་ལོ་བཅུ་ལ་འབད་བརྩོན་བྱས་ཆོག་ཟེར།

ཀྲང་ཅིན་མའེ་དང་ཚོགས་པའི་འབད་བརྩོན་འོག ཟི་ལིང་དུ་རྒྱལ་ཡོངས་ཀྱི་ལི་ཤི་རྒྱལ་ཁབ་ནགས་ཤིང་རིགས་རྒྱུད་ཀྱི་ཐོན་ཁུངས་མཛོད་ཐོག་མ་བཙུགས་པ་དང་། ལི་ཤིའི་རིགས་སྣ་ཀྱང་སྔོན་ཆད་ཀྱི18ནས་ད་ལྟའི་རིགས103ལ་ཇེ་མང་དུ་སོང་ཞིང་། གསོ་སྤེལ་བྱས་ཆོག་པའི་རིགས69ཡོད། ལོ་རེའི་དཔྱིད་དབྱར་ཀྱི་དུས་ཚིགས་སླེབས་དུས། ད་ལྟའི་ཟི་ལིང་གྲོང་ཁྱེར་དུ་ལི་ཤི་མེ་ཏོག་གང་སར་བཞད་ལ། མཐོ་སྒང་གི་གནའ་བོའི་ལི་ཤིའི་མཁར་གྲོང་འདིར་དྲི་ཞིམ་གྱིས་ཁྱབ་ཡོད།

2.png

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ཚལ་ཞིབ་འཇུག་སའོ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཅིན་མའེ་ཡིས་བཤད་རྒྱུར། ཏང་ཡོན་ཞིག་ཡིན་པའི་ཆ་ནས། མདུན་དུ་བསྐྱོད་དགོས་ལ། སྔོན་དུ་ལས་ཀའང་བྱེད་དགོས། མཚོ་བོད་མཐོ་སྒང་གི་ནགས་ཤིང་རིགས་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དེ་ངའི་ཚེ་གང་གི་བྱ་གཞག་ཏུ་བརྩིས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།