ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་དམངས་འཚོའི་བྱ་བ་ཡག་པོ་བསྒྲུབས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲལ་དག་པའི་ཁྲོམ་གཞུང་དང་གོ་རིམ་ལྡན་པའི་ཨར་ལས། སྟབས་བདེ་བའི་འགྲིམ་འགྲུལ། སྤུས་ལེགས་ཀྱི་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་འཚོར་གཟིགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་སྤྱིའི་འགྲོ་གྲོན་གྱི75%ཡན་དམངས་འཚོར་སྤྱད་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། ཚོར་སྣང་བཅས་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་མང་ཚོགས་ཀྱི་འཚོ་བར་དྲོད་ཁོལ་བསྩལ། 

སྦྲ་གུར་ནས་ཐོག་བརྩེགས་དང་འབྲོག་པ་ནས་གྲོང་མི། འདི་ལྟར་ཡུས་ཧྲུའུ་ཁུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལོ10ཡི་རིང་། ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་འོག ཡུས་ཧྲུའུ་ཁུལ་གྱིས“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པས། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད། ཡུས་ཧྲུའུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར30.6%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རེ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སོ་སོ་སྒོར39523དང་སྒོར10763ཟིན་པ་དང་། སོ་སོར126.8%དང305.1%འཕར་ཡོད། 

ཡུས་ཧྲུའུ་ཁུལ་གྱིས་སྟོབས་ཤུགས་བཏོན་ནས་དབུལ་ཐར་འགག་སྒྲོལ་བྱས་ཏེ། ཧ་ཅང་དབུལ་བའི་གྲོང་ཁྱེར་དང་རྫོང6གི་དབུལ་ཞྭ་ཕུད་པ་དང་། ཧ་ཅང་དབུལ་བའི་གྲོང་ཚོ104དབུལ་ཐར་བྱས་པ། མི་འབོར་དབུལ་བོ་ཁྲི12.98བཅས་དབུལ་ཐར་བྱུང་ནས། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་དུས་ཡུན་རིང་བོའི་དབུལ་བོའི་སྣང་ཚུལ་རྦད་དེ་བཅད་དེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད། མི་རིགས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། བྱིས་པ་བྱིས་སྙོར་ཁང་དུ་བསྐྱལ་ཚད25.9%ནས85.1%བར་འཕར་ཡོད། རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཁྲི7.7ནས་ཁྲི12.1བར་མང་དུ་ཕྱིན་པ་དང་། འོས་འགན་སློབ་གསོའི་བརྟན་དུ་གཏོང་ཚད་ཀྱིས96.6%ཟིན། “སློབ་གྲྭ་གྲགས་ཅན་གྱིས་མངགས་བཅོལ་དོ་དམ”དང“སློབ་གསོའི་ཐོན་ལས་གླིང་ཁུལ”གྱི་སློབ་གཉེར་བྱེད་སྟངས་གསར་གཏོད་བྱས་ཏེ། མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་ཁྲི27.02%ཟིན་པ་དང་། ས་ཆ་གཞན་དུ་སློབ་གྲྭར་སྐྱོད་མཁན་གྱི་སློབ་མ་ཁྲི1.4ཟིན། ཉེ་བའི་ལོ་བཞིའི་རིང“ཀྲུང་ཉུང་མི་རིགས”ཀྱི་མཐོ་རྒྱུགས་ཀྱི་སྦྱངས་འབྲས་ཆུ་ཚད་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། “སློབ་གསོའི་ཁུལ་ཆེན་མོ”ནས“སློབ་གསོའི་ཁུལ་སྟོབས་ལྡན”ཕྱོགས་སུ་སྐྱོད་བཞིན་ཡོད། 

“བདེ་ཐང་གི་ཡུས་ཧྲུའུ”ཞེས་པའི་བྱ་སྤྱོད་གཏིང་ཟབ་དུ་སྤེལ་ནས། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་གཉིས་ཀའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས། མང་ཚོགས་ཀྱི་ཐོབ་སྣང་བདེ་སྣང་། སྐྱིད་སྣང་བཅས་སྔར་ལས་ཆེ་རུ་ཕྱིན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།