རྒྱ་མཚོ་དང་གླིང་ཆེན་བརྒལ་ནས་སྨན་པའི་བརྩེ་བ་ཆེན་པོ་གང་སར་བསྐྱལ།

——ཀྲུང་གོ(མཚོ་སྔོན)སྐོར་ཐེངས20པའི་པུའུ་ལུང་ཏིའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་གནས་ཚུལ་བཀོད་པ།

1.jpg

རུ་མི་རྣམས་ཀྱིས་ས་གནས་ཀྱི་ནད་པར་བརྟག་བཅོས་བྱེད་བཞིན་པ།

2.jpg

རུ་མི་རྣམས་ཀྱིས་ས་གནས་ཀྱི་ནད་པར་བརྟག་བཅོས་བྱེད་བཞིན་པ།

3.jpg

བུ་བཙའ་ཚན་ཁག་གི་རུ་མིས་ས་གནས་ཀྱི་བུད་མེད་ལ་བཙའ་སྐྱེས་ཀྱི་རོགས་སྐྱོར་བྱེད་བཞིན་པ།

4.jpg

སྨན་བཅོས་རུ་མིས་ས་གནས་སྨན་པ་དང་བརྗེ་རེས་གྲོས་བསྡུར་བྱེད་བཞིན་པ།

ཁ་པར་གྱི“མའེ་ཕེན”Appཁ་ཕྱེས་ཏེ། ཀྲུང་གོ(མཚོ་སྔོན)སྐོར་ཐེངས20པའི་པུའུ་ལུང་ཏིའི་སྨན་བཅོས་རོགས་སྐྱོར་རུ་ཁག་འཚོལ་བཤེར་དང་དེར་དོ་ཁུར་བྱས་ཚེ། དེའི་ནང་གི་ཡི་གེ་དང་པར་རིས79ལས་གྲུབ་པའི་སྨན་བཅོས་རོགས་སྐྱོར་གྱི་ཉིན་ཐོ་དེ་གསལ་ལྷང་ངེར་མིག་མདུན་དུ་ཤར་ཡོང་། “བརྩེ་སེམས་རྣལ་མས་ཧྥེ་གླིང་ལ་རོགས་སྐྱོར་བྱས་ཏེ་བརྩེ་བ་ཆེན་པོ་མཚོན་པར་བྱེད་པའི”མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཞིབ་ཏུ་ཀློག་ཚེ། དེ་བསྟུན་སྒོས་རང་སེམས་སུ་གུས་སེམས་དང་སེམས་འགུལ་ཞིག་ངང་གིས་སྐྱེས་ཡོང་།

1987ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་རུ་ཁག་སྐོར་ཐེངས་དང་པོ་རྩ་འཛུགས་བྱས་ཏེ་ཧྥེ་གླིང་གི་དཀྱིལ་སྙིང་དུ་འབོད་པའི་པུའུ་ལུང་ཏི་ལ་སྨན་བཅོས་རོགས་སྐྱོར་གྱི་ལས་འགན་སྤེལ་མགོ་ཚུགས་པ་དང་། ད་ལོའི་ཟླ7པར། ཀྲུང་གོ(མཚོ་སྔོན)སྐོར་ཐེངས21པའི་པུའུ་ལུང་ཏིའི་སྨན་བཅོས་རོགས་སྐྱོར་རུ་ཁག་གིས་འགན་འཁྲི་ཕྲག་ཏུ་བླངས་ནས་ཡང་བསྐྱར་ལམ་དུ་ཆས་པ་དང་། མཚོ་སྔོན་གྱིས་རེབ་འདིའི་སྐོར་ཐེངས21པའི་སྨན་བཅོས་རོགས་སྐྱོར་རུ་ཁག་ལ་བསྡོམས་པས་སྨན་བཅོས་མི་སྣ459མངག་གཏོང་བྱས་ཡོད།

ཟླ8པའི་ཚེས21ཉིན། སྐོར་ཐེངས20པའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་མཇུག་མཐའི་གཞིས་སྲུང་པ་མི7བདེ་འཇགས་ངང་ཕྱིར་ལོག་པ་དང་བསྟུན་ནས། ཡན་ལག་རུ་ཁག3དང་རུ་མི29ཡིས་གྲུབ་པའི་སྐོར་ཐེངས20པའི་པུའུ་ལུང་ཏིའི་སྨན་བཅོས་རོགས་སྐྱོར་རུ་ཁག་གིས་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱས་ཏེ་རྒྱལ་ཁའི་ངང་ཕྱིར་ལོག་པ་མཚོན་ཡོད།

ཉིན་ཞག519ལ་བརྟན་སྲུང་བྱས་ཤིང་། ཁོ་ཚོ་མེས་རྒྱལ་དང་གཉེན་ཉེར་ཁ་བྲལ་ནས། དཀའ་ངལ་སྣ་ཚོགས་ཁྱད་སེལ་སྒོས། “དཀའ་བར་མི་སྐྲག་པ་དང་ལེགས་སྐྱེས་འབུལ་ཕོད་པ། སྲོག་སྐྱོབ་རྨས་གསོ། བརྩེ་བ་ཆེན་པོར་རྫོགས་པ་མེད་པའི”བླ་ན་མེད་པའི་སྙིང་སྟོབས་ལག་ལེན་བསྟར་ནས། ཀྲུང་གོའི་སྨན་དོན་ལས་བྱེད་མི་སྣའི་བརྩེ་སེམས་ཀྱིས་རྒྱལ་ཁབ་གཞན་ནས་མི་སེམས་ལ་དྲོད་འཁོལ་བསྩལ་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།