ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཟླ8པར་གནས་སྐབས་ཀྱི་རིན་གོང་ཁ་གསབ་སྒོར་ཁྲི800བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། དངོས་ཟོག་རིན་གོང་འཕར་བ་ལས་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཐེབས་པའི་ཤུགས་རྐྱེན་དངོས་གནས་སེལ་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་མཚོ་སྔོན་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་བཅས་དང་མཉམ་འབྲེལ་སྒོས་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི་དེ་དངོས་ཟོག་རིན་གོང་དང་སྦྲེལ་བའི་མཉམ་འབྲེལ་ལམ་སྲོལ་མགོ་བརྩམས་པ་དང་། ཟླ8པར་ཡོང་འབབ་དམའ་བའི་མང་ཚོགས་ལ་གནས་སྐབས་ཀྱི་རིན་གོང་ཁ་གསབ་སྒོར་ཁྲི776.57བྱིན་ནས་མང་ཚོགས་མི་ཁྲི36.76ལ་ཕན་ཁེ་ཐོབ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།