ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་ལས་ཞུགས་ཞབས་ཞུའི་སྤྱི་ཕན་སྟེགས་བུ་ཤར་གཏོང་བེད་སྤྱོད་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཙང་གསུམ་འབྱུང་ཡུལ་ལས་ཞུགས་ཞབས་ཞུའི་སྤྱི་ཕན་སྟེགས་བུ་དངོས་སུ་ཤར་གཏོང་བེད་སྤྱོད་བྱེད་མགོ་བརྩམས། སྟེགས་བུ་དེས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་རོགས་འདེགས་བྱས་ཏེ། ལས་ཞུགས་དམིགས་བསལ་སྲིད་ཇུས་དངོས་འབེབས་བྱེད་པ་དང་། ལས་ཞུགས་ལས་སྐྲུན་ཞབས་ཞུ་ལ་ཤུགས་སྣོན། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་པ། རོང་འབྲོག་མི་འབོར་གྲོང་རྡལ་དུ་སྤོ་སྒྱུར་བྱེད་པ་སོགས་ཀྱི་ཕྱོགས་ནས་ཕན་ནུས་འདོན་རྒྱུ་རེད། 

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཡིས་ཞིང་ལས་ཞིང་སྡེ་ཐིང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཀྱི་མཉམ་འབྲེལ་བྱས་པ་བརྒྱུད། སྤྱི་ཕན་རོགས་སྐྱོར་གྱི་རྣམ་པས་འཇོན་མིའི་ཚོང་རའི་འབྲེལ་མཐུད་འཆར་གཞི་བཀོད་དེ། གཙང་གསུམ་འབྱུང་ཡུལ་ཞབས་ཞུའི་སྤྱི་ཕན་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་མི་ཤུགས་དང་འཇོན་མིའི་ཐོན་ཁུངས་ཚགས་འཛུགས་བྱང་སྒྲིག་བྱས་ཏེ། སྤྱི་ཚོགས་སྤྱི་ཕན་ལས་གནས་གཙོ་གནད་དུ་འཛིན་པ་དང་། སྤྱི་ཚོགས་སྒོ་འབྱེད་རང་བཞིན་གྱི་ལས་གནས་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱས་པ་བརྒྱུད། ཁེ་ལས་ལས་ཁུངས་དང་འཇོན་མིའི་གཞི་གྲངས་འབྲེལ་མཐུད་ནུས་ལྡན་བྱས་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ལས་ཞུགས་ཞབས་ཞུ་ནོར་འཁྲུལ་ཡོད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་བེད་སྤྱད་དེ། ཐུན་མོང་མ་ཡིན་པའི་ལག་རྩལ་དང་ཐོན་རྫས་ལ་བརྟེན་ནས་དམིགས་བསལ་གྱི་འཇོན་མིའི་མཛོད་གྲུབ་པར་བྱས་ཏེ། ས་གནས་དེ་མི་རིགས་ཁྱད་ཆོས་ལྡན་པའི་ཐོན་ལས་དར་སྤེལ་ལ་རོགས་འདེགས་བྱ་རྒྱུ་རེད།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པའི་ལས་འཛིན་མགོ་གཙོ་གཞོན་པ་དཀོན་མཆོག་གྱིས་སྟེགས་བུ་དེས་དགོས་མཁོ་སྟོན་ཕྱོགས་སུ་བཟུང་ནས། ཐོན་ལས་འདུ་ཚོགས་དང་ལས་གནས་སྣ་མང་རང་བཞིན། ལས་རྣམ་རྒྱ་བསྐྱེད་སོགས་གཅིག་ཏུ་བསྡུས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་འོག ལས་གནས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ། གཙོ་གནད་ཐོན་ལས་ལ་རིམ་བཞིན་ལས་མི་བསྡུ་ལེན་དང་ལས་མིའི་གསོ་སྦྱོང་། འཇོན་མི་དཔྱད་དཔོག མི་སྣ་མངགས་གཏོང་སོགས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མི་ཤུགས་ཐོན་ཁུངས་ཞབས་ཞུ་ཐོན་ལས་ཆ་ཚང་གྲུབ་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།