ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཙོའི་ཏང་ཤོག་གི་རྐང་འཛིན་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་འགན་སྒྲུབ་གནང་བའི“ཞིང་ཆེན་ཡོངས་ཀྱི་དམངས་གཙོའི་ཏང་ཤོག་གི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ”ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་སློབ་མགོ་བརྩམས། རང་རེའི་ཞིང་ཆེན་གྱི་དམངས་གཙོའི་ཏང་ཤོག་ལྔའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་དམངས་གཙོའི་ཏང་ཤོག་སོ་སོའི་རྩ་འཛུགས་ཀྱི་འགན་འཁུར་པ་དང་། དེ་བཞིན་རྗེས་གྲབས་ལས་བྱེད་པ་བཅས་ཁྱོན་བསྡོམས་པས་མི40གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོའི་ཏང་ཤོག5ཡི་ཞིང་ཆེན་རིམ་པའི་རྩ་འཛུགས་ཀྱིས་སྐབས་བརྗེ་བྱས་རྗེས་དམངས་གཙོའི་ཏང་ཤོག་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དམངས་གཙོའི་ཏང་ཤོག་གི་རྐང་འཛིན་ཁོངས་མིའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་སྒྲུབ་པ་ཞིག་རེད། གསོ་སྦྱོང་སྐབས་སུ་སློབ་མ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག》དམངས་གཙོའི་ཏང་ཤོག་གི་ཁོངས་མིས་སྲིད་ཞུགས་སྲིད་མོལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བཅས་བྱ་རྒྱུ་རེད། གསོ་སྦྱོང་འཛིན་གྲྭར་གཙོ་བོ་གཅིག་སྡུད་སློབ་ཁྲིད་དང་། དཔེ་གཞིའི་སློབ་ཁྲིད། ཚན་ཆུང་གྲོས་བསྡུར། གནས་ཚུལ་ལད་ཟློས་སོགས་ཀྱི་རྣམ་པ་སྤྱད་ནས“རང་གིས་ལྟ་བ་དང་གཞན་གྱིས་བཤད་པ། ཡང་བསྐྱར་ཚང་མས་བསམ་གཞིག་བྱེད་པའི”སློབ་ཁྲིད་ཐབས་ལམ་བརྒྱུད་ནས། སློབ་མ་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་། གཞི་རྩའི་ལྟ་བ། ཚན་རིག་དང་མཐུན་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཡང་དག་པར་ཁོང་དུ་ཡང་དག་ཆུད་པ། དམངས་གཙོའི་ཏང་ཤོག་གི་རྐང་འཛིན་ཁོངས་མིས་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྱུར་བ་བྱས་ཏེ། དམངས་གཙོའི་ཏང་ཤོག་གི་འགན་འཁྲི་གཙང་སྒྲུབ་ཀྱི“ནུས་པ་རིགས་ལྔ”མཐོ་རུ་གཏོང་བར་སྲ་བརྟན་གྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་འདིང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།