ཀྲུང་གོ་བོད་ཀྱི་དྲ་བ།

པན་གོ་ཡིིས་མགོ་འཛིན་མཛད་དེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་ཚོགས་འདུ་དང2022ལོའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་ཚོགས་འདུ་དང་། 2022གཉིས་ལོའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐུན་སྦྱོར་ཚན་ཆུང་དང་། མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། བཟོ་ལས་གླིང་ཁུལ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

པད་གོ་ཡིས་ཞིང་ཆེན་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བྱེད་ནུས་གཙོ་བོ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁོངས་གཏོགས་སྡེ་ཁག་སོ་སོས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ་ཞིང་ཆེན་ཏང་ཨུའི་བྱ་བ་གཙོ་བོར་དམ་དུ་དམིགས་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་རྒྱུན་འཁྱོངས་བྱས་ལ། ཏང་ཀྲུང་དབྱང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་དང་། དངོས་གཉེར་བདེན་འཚོལ་དང་གསར་གཏོད་གསར་འབྱེད་བྱས་ནས་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཐོད་བརྒལ་གསར་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་བསྟན།

པད་གོ་ཡིས་མིག་སྔར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་བབ་སླར་གསོ་ནས་བཟང་ཕྱོགས་སུ་འཕེལ་བའི་གནད་འགག་དུས་སྐབས་སུ་གནས་ཡོད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་ལ། ཁེ་ལས་པ་དག་གིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་འགག་རྩ་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་གཅིག་གྱུར་མགོ་ཁྲིད་འོག་ཏུ། གཙོ་གཞིའི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་བྱ་བ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། རོགས་རེས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་ཇུས་དྲིལ་སྒྲོག་བྱེད་པ་བཅས་བྱས་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱ་དགོས། ཁེ་ལས་ལ་རོགས་བྱས་ནས་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲོམ་རའི་གཙོ་གཞི་གསོ་སྐྱོང་བྱེད་པ་དང་དཀའ་སེལ་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།