ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཚུང་ལི་མཚོ་སྔོན་ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ཁ་གཏད་འབྲེལ་གཏུག་ལས་ཁུངས་ཀྱི་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ཁ་གཏད་འབྲེལ་གཏུག་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མས་ཚོགས་འདུར་མགོ་འཛིན་བྱས།

ཡུས་ཚུང་ལི་ཡིས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ལྟ་ཞིབ་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པ་ནི། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལམ་ཕྱོགས་དང་བྱེད་ཐབས། སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་ཆབ་སྲིད་བླང་བྱ་ལག་བསྟར་ཟབ་མོ་བྱེད་པ་ཡིན། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། སྲིད་འཛིན་དབང་ཆ་དང་ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཡིན། རྩ་ཁྲིམས་དང་བཅའ་ཁྲིམས་ཡང་དག་དང་ནུས་ལྡན་ངང་ལག་བསྟར་བྱེད་རྒྱུར་འགན་ལེན་བྱས་ནས། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡིན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ནང་གནས་བླང་བྱ་ཡིན་ལ།  དེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་སྔར་ལས་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

ཡུས་ཚུང་ལི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་། འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དཀྱིལ་སྙིང་ལས་འགན་ལ་དམ་དུ་དམིགས་ནས་དམངས་ཀྱིས་སེམས་ཁུར་ལ་ཕྱིན་ལན་ཡོད་པ་དང་། ཡང་དག་ཅིང་ཕན་འབྲས་ལྡན་པའི་ཁྲིམས་མཐུན་ལྟ་སྐུལ་རྒྱུན་འཁྱོངས་བྱེད་པ། དར་ཆ་གསལ་བསྒྲེངས་ཀྱིས་ཆབ་སྲིད་གླེང་བ། འགྱུར་མེད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྒྲིལ་སྲོལ་ལམ་ལུགས་བཙུགས་ཏེ་ཚད་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་བྱེད་པ་བཅས་འགན་ཁུར་གསར་བ་དང་། བྱེད་ཕྱོགས་གསར་བས་དུས་རབས་གསར་བའི་ལྟ་ཞིབ་ཁྲིམས་འཛིན་བྱ་བའི་ལེའུ་གསར་བ་འབྲི་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།