ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གནམ་སྔོན་སྐྱེ་ཁམས་སྲུང་སྐྱོང་ཞབས་ཞུ་རུ་ཁག་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས29ཉིན། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གནམ་སྔོན་སྐྱེ་ཁམས་སྲུང་སྐྱོང་ཞབས་ཞུ་རུ་ཁག་དངོས་སུ་བཙུགས་པ་དེས་རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་འཕྲལ་བསྟུན་མ་ལག་འཛུགས་སྐྲུན་སྟེང་གནད་འགག་གི་གོམ་སྟབས་གཅིག་སྤོས་ཡོད་པ་མཚོན།

མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གནམ་སྔོན་སྐྱེ་ཁམས་སྲུང་སྐྱོང་ཞབས་ཞུ་རུ་ཁག་ནི་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་རིམ་པའི་སྤྱི་ཚོགས་མྱུར་སྐྱོབ་རུ་ཁག་ཐོག་མ་ཡིན་ཞིང་། རྩྭ་ཐང་དང་ནགས་ཚལ་གྱི་མེ་འགོག་དང་ཆུ་ལོག་སྔོན་སྔོན་འགོག ས་གཤིས་གནོད་འཚེ། མི་སྣ་ཁག་པར་མྱུར་སྐྱོབ་ཀྱི་སྤྱི་ཚོགས་འཕྲལ་བསྟུན་མྱུར་སྐྱོབ་སྤེལ་དགོས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་བདེ་འཇགས་སྐོར་སྐྱོད། སྲོག་ཆགས་རོགས་སྐྱོབ། རང་བྱུང་བདེ་འཇགས་སློབ་གསོ་སོགས་ཀྱི་ལས་དོན་སྤེལ་དགོས།

རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་འཕྲལ་བསྟུན་མྱོར་སྐྱོབ་མ་ལག་གི་གཞོགས་འདེགས་སྟོབས་ཤུགས་ཡིན་པའི་ཆ་ནས། སྲུང་སྐྱོང་དམིགས་བསལ་དུ་འཛིན་པ་དང་བཀག་སྡོམ་སྲིད་ཇུས་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གནམ་སྔོན་སྐྱེ་ཁམས་སྲུང་སྐྱོང་ཞབས་ཞུ་རུ་ཁག་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུལ་ལྟ་ཞིབ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ། རང་བྱུང་སློབ་གསོའི་སློབ་ཚན་གསལ་སྤེལ། དང་བླངས་པའི་རུ་ཁག་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་མཐུན་སྦྱོར་བྱས་ཏེ། ངེས་བ་དོན་གྱིས་མང་ཚོགས་རྣམས་རང་བྱུང་སྲུང་ཁུལ་གྱི་བྱ་གཞག་ཁྲོད་ཞུགས་སུ་འཇུག་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།