ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་ཀའི་ཧོ་ལན་སྲན་མ་དེ་ཡོང་འབབ་འཕར་བའི“་གསེར་སྲན”དུ་གྱུར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་ཝ་གྲོང་རྡལ་གྱི་ཧོ་ལན་སྲན་མ་འདེབས་འཛུགས་རྟེན་གཞིར་བསྐྱོད་སྐབས། སྔོ་ལྗང་ལྗང་གི་སྲན་ཞིང་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད་པ་མཐོང་། ཞིང་ནང་དང་མུ་ཁར་གྲོང་མི་ཚོས་ཧོ་ལན་སྲན་མ་སྔོག་འཐུ་དང་རིགས་དབྱེ། འདོན་འཇུག་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པས། འདི་གར་གང་ས་གང་དུ་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཞིང་ལས་གཞན་སྒྱུར། ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱ་ཆེད། བརྟག་ཞིབ་རབ་དང་རིམ་པ་བྱས་རྗེས། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཧོ་ལན་སྲན་མའི་ངོ་བོ་དེ་གྲང་ངར་ཆེ་ལ་རྒྱུན་གཏན་གྱི་སྐྱེ་དངོས་ཡིན་པ་དང་། མ་གནས་དམའ་བ་དང་དུས་འཁོར་ཐུང་བ། ཐོན་འབབ་མཐོ་བ་བཅས་ཡོད་པས། ཡོང་འབབ་ཧ་ཅང་མཐོ་བའི་དཔལ་འབྱོར་ལོ་ཏོག་ཅིག་ཡིན་པ་ཤེས་རྟོགས་བྱུང་བ་རེད། ལ་ཟེ་ཝ་གྲོང་རྡལ་གྱི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་དེ་ཧོ་ལན་སྲན་མ་སྐྱེ་འཚར་དང་ཧ་ཅང་འཚམ་པོ་ཡོད་པས། ཧོ་ལན་སྲན་མའི་ཐོན་ལས་དེ་གནས་འདི་ནས“མེ་ཏོག་བཞད་ནས་འབྲས་བུ་ཐོན་པ”རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།