ཀྲུང་གོ་བོད་ཀྱི་དྲ་བ།

《 རྨད་བྱུང་གི་ལོ་བཅུའི་མཚོ་སྔོན་ལ་ལྟ་བའི་ཕྲེང་བསྟར་འཕྲིན་གསར་ལས། རྒྱལ་ཁབ་སྤྱི་གླིང་།》

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདས་བའི་ལོ་ངོ་བཅུ་ལྷག་གི་རིང་། སྐྱེ་ཁམས་ཡིག་ཚགས་པ་སྒྲོལ་མ་རྒྱལ་གྱིས་ཉིན་རྒྱུན་ལྟར་ཁོ་ཡི་ཉིན་གཅིག་གི་ལས་ཀ་མགོ་བརྩམས་ནས། ཞོགས་པ་གཉིད་ལས་བསད་རྗེས། འཕྲུལ་རྟ་བཞོན་ཞིང་པར་ཆས་རྒྱབ་ཏུ་འཁུར་ནས། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་དང་སྐྱེ་འཕེལ། གངས་ཐིག་འགྱུར་ལྡོག་བཅས་ཐོ་འགོད་བྱེད་བཞིན་ཡོད།

སྒྲོལ་མ་རྒྱལ་གྱི་ཕ་ཡུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཤང་འདོ་ཕྱུག་གྲོང་ཚོའི་ཡིན་པ་དང་། གནས་འདིའི་ས་ཁོངས་མང་ཆེ་བ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁུལ་རེད། ཉིན་རེ་བཞིན་འཕྲུལ་རྟ་བཞོན་ནས་སྤྱི་ལེ་དྲུག་ཅུ་བདུན་ཅུ་ཙམ་ལ་འགྲོ་བ་ནི་མི་གཞན་པར་མཚོན་ན་དཀའ་ཚེགས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་སྒྲོལ་མ་རྒྱལ་གྱིས་ལས་ཀ་དེར་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད་པས། ལས་ཀ་འདིས་ཁོས་ཕ་ཡུལ་ལ་བཅངས་བའི་དགའ་ཞེན་ཆེན་པོ་མཚོན་ཐུབ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་དུ་གནས་པ་དང་། ས་བབ་མཐོ་ཚད་ཆ་སྙོམས་ཀྱིས་སྨི4700ལྷག་ཙམ་ཟིན་ཞིང་། གནས་འདིའི་འབྲོག་པས་འུར་ཆ་བསྐྱུར་ནས། ནགས་སྲུང་བའི་ལས་ཀ་གསར་པ་ཞིག་རྙེད་ཡོད། ད་ལྟ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“དུད་ཚང་རེར་ལས་གནས་རེ”ཡོད་པ་མངོན་འགྱུར་བྱུང་བ་དང་། འབྲོག་པ་ཁྲི14.5ལ“སྐྱེ་ཁམས་ཟ་མ”རེག་ནས། རྣམ་གྲངས་འདི་ཁོ་ནའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.16ལ་འཕར་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ན་ནིང་རོང་འབྲོག་པའི་སྐྱེ་ཁམས་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར11.4ཐད་ཀར་ཁ་གསབ་བྱས། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་སྲུང་སྐྱོང་དང་ཉམས་གསོ་སྔར་ལས་བཟང་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་བྱེད་ནུས་སྲ་བརྟན་དུ་ཕྱིན། ཆུ་མགོ་བསྐྱིལ་གསོག་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་ནས། རྩྭ་ཐང་ཁྱབ་ཚད་དང་། རྩྭ་སྐྱེ་ཚད་ལོ་བཅུའི་སྔོན་དང་བསྡུར་ན11%དང30%ཡན་དུ་འཕར་ཡོད། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས། གཙོད་ཀྱི་གྲངས་འབོར་དུས་རབས20པའི་ལོ་རབས80པའི་ཁྲི2ཀྱང་མེད་པ་ནས་ཁྲི7ལྷག་ཙམ་བར་མང་དུ་འཕེལ་ཡོད།

2021ལོའི་ཟླ10པར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་རྒྱལ་ཡོངས་ཀྱི་ཁག་དང་པོ་དང་མདུན་གྲལ། རྒྱ་ཁྱོན་ཆེས་ཆེ་བ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་བ་དང་། ཁུལ་དབྱེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི12.31ནས་སྤྱི་ལེ་གྲུ་བཞི་མ་ཁྲི19.07བར་ཆེ་རུ་ཕྱིན་ནས། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་ལ་ལྗིད་ཏིག་ཏིག་གི་རྒྱུགས་ལན་བཟང་པོ་ཞིག་ཕུལ་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པར་སྐྱོད་མགོ་བརྩམས།

མདོ་ལ་རི་བོ་ནི་རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་ཁུལ་ཆེན་པོ་ལྔའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། 2017ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་པས་མཚོ་སྔོན་ཞིང་ཆེན་འདི་ཉིད་ཚོད་ལྟའི་ཞིང་ཆེན་གྲས་ཀྱི་ཞིང་ཆེན་དུ་གྱུར་ཡོད།

སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས“བཟང་བཅུའི”རྒྱལ་ཁབ་སྤྱི་གླིང་དམིགས་ཚད་དུ་བཟུང་ནས། མཚོ་སྔོན་ས་ཁུལ་གྱི“སྐྱེ་ཁམས་སྲུང་སྐྱོང་གི་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས”བཅས་ཧུར་ཐག་གིས་བཏོད་པ་མ་ཟད། ཚད་ལྡན་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་ཆ་ཚང་བཙུགས་ནས། ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་སྤེལ་སྟངས་ཁྱབ་གདལ་དུ་བཏང་ལ། ཚད་གཞི་ཅན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས40ཚང་མ་འཛུགས་སྐྲུན་བྱེད་པ་ལེགས་གྲུབ་བྱུང་། མིག་སྔར་འཁོར་སྐྱོད་གཞི་གྲངས་ལྟེ་གནས་ཆེན་མོ་དང་། འགྲེམས་སྟོན་ལྟེ་གནས་ཆེན་མོ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་སྐྱེ་འཕེལ་ལྟེ་གནས། སྐྱེ་ཁམས་ཚན་ཞིབ་ཁང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཁང་། གནམ་ས་གཞི་གཅིག་ཅན་གྱི་དྲ་རྒྱའི་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8000ལ་སླེབས་ཡོད།

མིག་སྔར་རྒྱལ་ཁབ་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་ཁུལ)འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པའི་དུས་མགོའི་ལས་དོན་སྤེལ་མགོ་བརྩམས་ཡོད།

རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་བཀོད་སྒྲིག་དང་སྐུལ་འདེད་བཏང་བའི་བཅོས་སྒྱུར་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས་ཧུར་ཐག་གིས་འཚོལ་ཞིབ་དང་། བློ་ཁོག་ཆེན་པོས་གསར་གཏོད། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ“མཚོ་སྔོན་གྱི་ཇུས་གཞི”དང“མཚོ་སྔོན་གྱི་བློ་གྲོས”ལེགས་སྐྱེས་སུ་ཕུལ་ཡོད།

མཚོ་སྔོན་སྐྱེ་ཁམས་ལ་བརྟེན་ནས་དར་རྒྱས་གཏོང་དགོས་པས། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པར་དམིགས་ནས། ཚན་རིག་དང་མཐུན་པར་སྲུང་སྐྱོང་དང་ལུགས་མཐུན་སྒོས་བེད་སྤྱོད། རྒྱལ་ཁབ་སྤྱི་གླིང་བཞི་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་དང་། སོ་སོར་རང་རང་གི་ཁྱད་ཆོས་ལྡན་ལ། ཕན་ཚུན་ཟླ་གྲོགས་སུ་འགྱུར་བའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པར་མདུན་གྲལ་དུ་བསྐྱོད་པར་ཤུགས་བསྣན་ནས། རི་སྔོ་ཆུ་དྭངས་ནི་དུས་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་བར་བྱེད་དགོས། 

2019ལོའི་ཟླ6པར། ཞིང་ཆེན་པུའུ་ཡིས་མཉམ་གཅིག་ཏུ་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་པ་མཚོ་སྔོན་དུ་མགོ་བརྩམས་པ་དང་། 2020ལོར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་ངོ་གསུམ་གྱི་བྱ་སྤྱོད་འཆར་གཞི་མགོ་བརྩམས་ནས། གོམ་གསུམ་བགྲོད་པའིའཐབ་ཇུས་ཁྲོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་རེ་བའི་དམིགས་འབེན་རིམ་བཞིན་དོན་དངོས་སུ་གྱུར་ཡོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།