ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ལོ་བཅུ། ཞིང་ཆེན་ཡོངས་སུ་རྒན་གསོ་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ལོ་བཅུའི་ཡར་སྔོན་དང་བསྡུར་ན་ལྡབ13འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས“མཚོ་སྔོན་གྱི་ལོ་བཅུ”ཞེས་པའི་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་བཅུའི་རིང་། མཚོ་སྔོན་གྱིས་སྲིད་ཇུས་གསར་གཏོད་དོན་འཁྱོལ་དང་ལམ་ལུགས་ལམ་སྲོལ་འགན་ལེན། མ་དངུལ་སྟོབས་ཤུགས་རྒྱབ་སྐྱོར་སོགས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། རྒན་གསོའི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བཅས་ཀྱི་ཐད་བློས་འགེལ་ཆོག་པའི་དམངས་འཚོའི་འགན་ལེན་བྱས་ཡོད།

ལོ་བཅུའི་རིང་། མཚོ་སྔོན་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར32ལྷག་བཏང་ནས་རྒན་གསོའི་རྨང་གཞིའི་སྒྲིག་བཀོད2129གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་རེད། མིག་སྔར་ཞིང་ཆེན་ཡོངས་སུ་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་རིགས230ཡོད་པ་དང་། ལོ་བཅུའི་ཡར་སྔོན་དང་བསྡུར་ན་ལྡབ13འཕར་ལ། རྒན་གསོའི་ཉལ་ཁྲི23470དང་ལོ་བཅུའི་ཡར་སྔོན་དང་བསྡུར་ན་ལྡབ40འཕར་ཡོད། ནད་གཡོག་ཅན་གྱི་ཉལ་ཁྲིའི་བསྡུར་ཚད55%ཟིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་སྐབས་དང་བསྡུར་ན་བརྒྱ་ཆའི་གྲངས42ཇེ་མཐོར་སོང་ཡོད། གྲོང་ཁྱེར་གཞིས་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས236ཡོད་པ་དང་ཁྱབ་ཚད46%ལ་སླེབས་ཤིང་། གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་གླིང1384དང་ཁྱབ་ཚད33%ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར10གྲབས་གསོག་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལོ60ཡན་གྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ80ཡན་གྱི་ལོ་ན་མཐོ་བའི་རྒན་རྒོན་ལ་རྣམ་པ་མི་འདྲ་བའི་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུའི་ཁ་གསབ་ཉོ་སྒྲུབ་བྱས་ལ། རྫོང་རིམ་པའི་སྲིད་འཛིན་ས་ཁོངས་སུ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱེད་ནུས་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས། ལོ་རེར་ལོ70ཡན་གྱི་རྒན་རྒོན་ལ་ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར4ལྷག་སྤྲད་ཤིང་། ཞིང་ཆེན་དུ་རྒྱུན་སྡོད་བྱེད་པའི་རྒན་རྒོན་ལ་ཐོལ་བྱུང་རྨས་སྐྱོན་འགན་བཅོལ་ཁ་གསབ་སྤྲད་པ་དང་། རིམ་རྩིས་བྱས་ན་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི220ལས་བརྒལ་ཡོད།

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་དུ་ལོ60ཡན་གྱི་རྒན་རྒོན་མི་འབོར་ཁྲི79ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི13.3%ཟིན་པ་དང་། ལོ་བཅུའི་ཡར་སྔོན་དང་བསྡུར་ན་བརྒྱ་ཆའི་གྲངས་གསུམ་ཙམ་འཕར་ནས། མི་འབོར་ན་རྒས་ཅན་དུ་འགྱུར་ཚད་རྒྱུན་མཐུད་ངང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།