ཀྲུང་གོ་བོད་ཀྱི་དྲ་བ།

དངོས་མཚོན་གློག་བརྙན།《གཙང་པོའི་མགོ་ཁུངས།》

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ཆར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གཙང་གསུམ་མགོ་ཁུངས་ཀྱི་དཀྱིལ་དབུས་སུ་བསྐྱོད་དེ། ས་གནས་དེ་གའི་འབྲོག་པ་དང་དེ་བཞིན་སྣོད་བཅུད་སྲུང་སྐྱོང་ཚོགས་སྤྱི་ལ་ཉེ་བར་བཅར་ནས། ཁོང་ཚོ་དང་རི་ཆུ་སེམས་ཅན་རྣམ་ཤེས་བར་གྱི་ངོ་མཚར་བའི་མཉམ་འགུལ་འབྲེལ་བ་ཟིན་ཐོར་བཀོད་ཅིང་། མིའི་རིགས་དང་གཙང་བོ་ཆེན་པོའི་མགོ་ཁུངས་འཆམ་མཐུན་མཉམ་གནས་བྱེད་པའི་བློ་གྲོས་འཚོལ་ཞིབ་བྱས།

སའི་གོ་ལའི་སྣེ་གསུམ་པར་གནས་པའི་གཙང་གསུམ་མགོ་ཁུངས་ཀྱིས། ལོ་རེར་འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་སྨད་རྒྱུད་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་ཀྱི་དག་གཙང་གི་ཆུ་སྐྱེལ་བཞིན་ཡོད་པས། “ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད། སྔོན་ཆད། གནས་འདིའི་སྐྱེ་ཁམས་སྐབས་ཤིག་རིང་ཉམས་ཞན་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་དེ་བཞིན་མང་ཚོགས་ཀྱིས་སྲུང་སྐྱོང་བྱས་པ་བརྒྱུད། དེ་སྔའི་མཛེས་ལྗོངས་རིམ་བཞིན་སླར་གསོ་བྱུང་ཡོད།

1.gif

ཕ་ཡུལ་གྱི་རྩྭ་ས་དང་ཕྱུགས་ཟོག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི། བདེ་སྐྱིད་ཆོས་མཚོས་ཆུང་དུས་ནས་གངས་རིའི་མདུན་དུ་བཞག་པའི་དམ་བཅའ་ཞིག་ཡིན། སློབ་ཆེན་མཐར་ཕྱིན་པའི་ན་གཞོན་འབྲོག་པ་ཞིག་ཡིན་པའི་ཆ་ནས། ཁོ་མོས་གཙང་གསུམ་མགོ་ཁུངས་ཀྱི་རི་ཆུ་ལ། མེས་པོ་རྣམ་དང་མི་འདྲ་བའི་བརྩེ་སེམས་ཤིག་འཆངས་ཡོད།

2.gif

ལོ31ལ་སླེབས་པའི་གཟའ་སྐར་མ་ལ་ཆུང་དུས་ནས་བག་ཆགས་བཟང་པོ་བཞག་པས། རང་བྱུང་ལ་དགའ་ཞེན་ཆེ་ཞིང་རི་ཀླུང་ལ་བརྩེ་སེམས་ཆགས་ཡོད། ལོ་བཅུ་གཉིས་ཀྱི་རིང་། ཁོ་བོ་ཕ་ཡུལ་གྱི་རི་བོ་ཆེན་པོ862ལ་འཛེགས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་འདྲ་པར་སྟོང་ཕྲག་འགའ་བླངས་ཤིང་། སྐྱེ་དངོས་རིགས507ཟིན་ཐོར་བཀོད་ཡོད། ཁོ་བོས་རང་ཉིད་ཀྱི་ཚེ་སྲོག་དང་རྣམ་ཤེས་དེ་གཙང་གསུམ་མགོ་ཁུངས་ཀྱི་རང་བྱུང་ཆེན་མོ་དང་གཞི་གཅིག་ཏུ་བསྲེས་ཡོད།

3.gif

ལོ33ལ་སླེབས་པའི་ཀྲའོ་ཞང་གིས་དུས་ཡུན་རིང་བོར་གཙང་གསུམ་མགོ་ཁུངས་སུ་གཞི་བཙུགས་ཏེ། གསའ་ཡི་གོམས་གཤིས་ལ་ཞིབ་འཇུག་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལོ་ངོ10ལྷག་གི་རིང་ཁོང་གིས་ས་གནས་དེ་གའི་སྡེ་ཁུལ་ལ་མུ་མཐུད་དུ་རོགས་རམ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ལས་ཀར་སྐུལ་འདེད་བཏང་བའི་དུས་མཚུངས་སུ། ས་ཆ་འདི་བརྒྱུད་ནས། རང་ཉིད་ཀྱིས་རང་བྱུང་ལ་གོ་བ་ལེན་པའི་ཚད་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད།

4.gif

ད་ལྟའི་གཙང་གསུམ་མགོ་ཁུངས་ས་ཁུལ་དུ། འབྲོག་པ་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་པས་རྒྱུན་འཁྱོངས་ལྷོད་མེད་སྒོས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཧུར་ཐག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་ཤིང་། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ཆེད། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།

5.gif

གཙང་གསུམ་ཆུ་མོ་དང་ནི་ཁུ་ནུ་རིས། །ཡངས་པའི་ཀྲུང་ཧྭའི་ས་གཞི་བརླན་ཅིང་གསོ། །

རྨ་འབྲི་རྫ་གསུམ་ལང་ལོང་ཤར་དུ་རྒྱུ། །དུས་བཞིར་སེམས་ཅན་དགའ་སྐྱིད་དཔལ་ལ་འགོད། །

འདི་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རི་མཐོ་ས་གཙང་གི་གནས་མཆོག་ཅིག་ཡིན།

འདི་ནི་མི་དང་རང་བྱུང་ཁམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚེ་སྲོག་གི་ཁྱིམ་གཞིས་ཤིག་ཡིན། །

11.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།