ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱི་སློབ་མ3ལ་སྐབས་བཅོ་ལྔ་པའི་སུང་ཆིང་ལིང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་དང་ཀྲུང་གོ་ཕན་བདེ་ཐེབས་རྩ་ཚོགས་པ། ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པ་བཅས་ཀྱིས་སྐབས་བཅོ་ལྔ་པའི་སུང་ཆིང་ལིང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་སྐོར་གྱི་ཐག་གཅོད་འགྲེམ་དཔར་བྱས་ཏེ། སྐབས་བཅོ་ལྔ་པའི་སུང་ཆིང་ལིང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་གནང་བའི་དཔྱད་ཞིབ་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་གྱི་སློབ་མ32དེའི་གྲས་སུ་ཚུད་ཡོད་པ་རེད།

སློབ་མ32ཁྲོད་ཟི་ལིང་གྲོང་ཁྱེར་དུ་སློབ་མ9དང་། མཚོ་ཤར་གྲོང་ཁྱེར་དུ་སློབ་མ7། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ3། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ3། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ2། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ2། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ2། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་མ3། མཚོ་སྔོན་སྣུམ་ཞིང་སློབ་གསོ་དོ་དམ་ལྟེ་གནས་སུ་སློབ་མ1བཅས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་རྨང་གཞིའི་སློབ་གསོ་ཁྲུའུ་ལ་སྐབས་བཅོ་ལྔ་པའི་སུང་ཆིང་ལིང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཁྲོད་ཀྱི་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད། 

སུང་ཆིང་ལིན་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ནི་འོས་འགན་སློབ་གསོའི་མཚམས་ཀྱི་སློབ་ཆུང་ལོ་རིམ་བཞི་པ་ནས་དམའ་འབྲིང་ལོ་རིམ་གསུམ་པའི་བར་གྱི་སློབ་གྲྭར་འགྲོ་བཞིན་པའི་སློབ་མར་དམིགས་ནས་བཙུགས་པའི་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཡིན་པ་དང་། བྱ་དགའ་འདི་ནི་སློབ་གསོ་པུའུ་དང་ཀྲུང་གོའི་ཕན་བདེ་ཐེབས་རྩ་ཚོགས་པ། ཀྲུང་གོ་སུང་ཆིང་ལིན་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐེབས་རྩ་ཚོགས་པ་བཅས་ཀྱིས1994ལོར་བཙུགས་པ་དང་། ལོ་གཉིས་རེའི་ནང་དཔྱད་འདེམ་བྱས་ནས་ཐེངས་གཅིག་རེར་བྱ་དགའ་གནང་བཞིན་ཡོད་པ་དང་། སློབ་གྲྭ་ཆུང་འབྲིང་སློབ་མའི་ཁྲོད་ཀྱི་བསམ་བློ་ཀུན་སྤྱོད་དང་རིག་གནས། ལུས་རྩལ། ཚན་རྩལ་སོགས་བསླབ་བྱ་སྦྱངས་འབྲས་ལེགས་པའི་སློབ་མ་ཕུལ་བྱུང་ཅན་ལ་གཟེངས་བསྟོད་དང་སྐུལ་འདེད་བྱེད་ཀྱིན་ཡོད་པ་རེད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།