ཀྲུང་གོ་བོད་ཀྱི་དྲ་བ།

ཟླ8པར་མཚོ་སྔོན་ཞིང་ཆེན་གྱི་ཚོང་ཟོག་དྲ་ཐོོག་ནས་སིལ་ཚོང་བྱེད་ཚད་མགྱོགས་མྱུར་གྱིས་འཕར་བ་རྒྱུན་འཁྱོངས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། རྒྱལ་ནང་དུ་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་འགོག་སྡོམ་བྱེད་པའི་དུས་བབ་འོག ཟླ8པར་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་གོ་རིམ་ལྡན་པ་དང་བརྟན་འཇགས་ངང་སླར་གསོ་བྱུང་བ་དང་། ཚོང་དོན་གྱི་གྲངས་འཛིན་ཆེན་མོའི་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། ཟླ8པར་ཞིང་ཆེན་ཡོངས་ཀྱི་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར2ལ་སླེབས་པ་དེ་དུས་མཚུངས་ལས44.9%འཕར་ནས། ཟླ8ལ་བསྟུད་མར་བརྟན་འཇགས་ངང་མགྱོགས་མྱུར་གྱིས་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས།

རྒྱུས་ལོན་པ་ལྟར་ན། འཕར་གཞི་གསར་པ་དེ་གཙོ་བོ་ཕྱོགས་བཞིའི་ཐད་ནས་མངོན་ཡོད་པ་སྟེ། གཅིག་ནི་འབྲུ་སྣུམ་བཟའ་བཅའ་དང་། གྱོན་ཆས། ལྷམ། ཞྭ་སོགས་ཀྱི་འཁེལ་འཐག་ཐོན་རྫས་དང་། རྒྱུན་མཁོའི་དངོས་རྫས་སོགས་གཙོ་བོར་བྱས་པའི་གཞི་རྩའི་འཚོ་བའི་རིགས་ཀྱི་ཚོང་ཟོག་དྲ་རྒྱའི་སིལ་འཚོང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། ལོ་སྔོན་མའི་དུས་མཚུངས་ལས་འཕར་ཚད་ཆ་སྙོམས་ཀྱིས70%ཡིས་བརྒལ་ཡོད། ཟླ་བ་འདིའི་ནང་བཟུང་བའི་དངོས་པོའི་རིགས་ཀྱི་ཚོང་ཟོག་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་ཀྱིས80%ཙམ་ཟིན། གཉིས་ནི་འཕྲིན་གཏོང་ཡོ་བྱད་དང་ལུས་རྩལ་རོལ་རྩེད་ཡོ་ཆས། ལྕགས་རིགས་ཀྱི་གློག་ཆས་སོགས་འཛད་སྤྱོད་རིམ་སྤོར་རིགས་ཀྱི་ཚོང་ཟོག་མགྱོགས་མྱུར་གྱིས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱུང་བ་དང་། སོ་སོ་དུས་མཚུངས་ལས354.2%དང་། 155.4%། 154.1%བཅས་འཕར་ཡོད། གསུམ་ནི་རླངས་འཁོར་གྱི་ལྷུ་ལག་ཚང་བའི་ཐོན་རྫས་གཙོ་བོ་བྱས་པའི་ཕྱིར་སྐྱོད་རིགས་ཀྱི་ཚོང་ཟོག་དྲ་ཐོག་སིལ་ཚོང་དེ་དུས་ཚིགས་རང་བཞིན་གྱི་ཚོང་བྲིན་པའི་གནད་གཙོ་བོར་གྱུར་ཞིང་། དེ་དུས་མཚུངས་ལས68.2%འཕར་ཞིང་། འཕང་འབྲས་དང་དབྱར་རྩྭ་དགུན་འབུ། ནོར་ཤའི་ཤ་སྐམ། འོ་ལས་ཐོན་རྫས་སོགས་གཙོ་བོར་བྱས་པའི་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་འཚོང་རྒྱུན་མཐུད་ངང་འཕེལ་ཞིང་། ཟླ་འདིར་ཞིང་ཆེན་ཡོངས་སུ་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.1ལ་སླེབས་པས། ལོ་སྔོན་མའི་དུས་མཚུངས་ལས123.1%འཕར་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།