ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་ཁུལ་ཡོངས་ནས་རྒྱལ་མཚམས་བརྒལ་ནས་དྲ་རྒྱའི་རྒྱན་བཙུགས་གྱོད་གཞི་དང་པོ་རྩད་ཆོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡིས་རྒྱལ་མཚམས་བརྒལ་ནས་དྲ་རྒྱའི་རྒྱན་བཙུགས་གྱོད་གཞི་ཞིག་རྩད་ཆོད་ཅིང་།  དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས། གྱོད་གཞི་འདི་ནི་མཚོ་ལྷོ་ཁུལ་དུ་རྩད་ཆོད་པའི་རྒྱལ་མཚམས་བརྒལ་ནས་དྲ་རྒྱའི་རྒྱན་བཙུགས་གྱོད་གཞི་དང་པོ་ཡིན། 

མྱུར་ཞིབ་ལྟར་ན། དོགས་ཡོན་ཉེས་ཅན་ཧྲུ་ཆེ་གེ་མོས་ཉེ་བའི་ལོ་གཉིས་ཀྱི་རིང་ལ་རྒྱན་འགྱེད་མཁན་མང་པོ་ནང་འགུག་བྱས་ཏེ།  བསྡོམས་པས་གླ་ཆ་སྒོར་ཁྲི29ལྷག་ཧམ་བསྡུས་བྱས། མྱུལ་ཞིབ་གོ་རིམ་ཁྲོད་གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡིས་གུང་ཧོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་སྔ་མོ་ནས་གྱོད་གཞིར་ཞུགས་ཏུ་བཅུག་ཤིང་།  གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཁྲིམས་ལུགས་སྡེ་ཁག་དང་གྱོད་གཞི་གཙོ་གཉེར་སྡེ་ཁག་བཅས་དང་མཉམ་འབྲེལ་སྒོས་སྔར་ལས་ལྷག་པར་གྱོད་གཞིར་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། གྱོད་གཞིའི་མྱུལ་ཞིབ་ཁ་ཕྱོགས་དང་གཙོ་གནད་གཏན་འཁེལ་བྱས་ནས་མྱུལ་ཞིབ་བྱ་བའི་ཕན་འབྲས་ཇེ་ཆེར་གཏོང་བར་རོགས་འདེགས་བྱས། 

མིག་སྔར་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ལྟར། དོགས་ཡོད་ཉེས་ཅན་ཧྲུ་ཆེ་གེ་མོས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། གྱོད་དོན་ལ་སྔར་ལས་ཞིབ་བཤེར་གཏིང་ཟབ་བྱེད་བཞིན་ཡོད། 

གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་འགལ་ཉེས་དོན་ལ་མུ་མཐུད་དུ་རྡུང་རྡེག་ནན་མོ་བཏང་སྟེ། སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་ངན་པར་བཙན་ཐབས་ཀྱིས་བཅོས་སྒྲིག་བྱས་ཤིང་། རིགས་མི་འདྲ་བའི་བདེ་འཇགས་དང་འབྲེལ་ཡོད་མངོན་མེེད་རྐྱེན་ངན་རྩ་བ་ནས་སེལ་བར་བརྩོན་ལེན་བྱེད་བཞིན་ཡོད།    །   


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།