ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས26ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ཟླ9བའི་ཚེས21ཉིན་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་བྱུང་བ་བརྒྱུད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས《2022ལོའི་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2022ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་མི་རེའི་གཞི་རྩའི་རྒན་གསོའི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་ཡིན་པ་སྟེ། ལོ60ནས་ལོ64བར་གྱི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར180ནས185བར་ཇེ་མཐོར་གཏོང་རྒྱུ་དང་། ལོ65ནས་ལོ69བར་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར185ནས་སྒོར190བར་ཇེ་མཐོར་གཏོང་རྒྱུ། ལོ70དང་དེ་ཡན་གྱི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར190ནས་སྒོར195བར་ཇེ་མཐོར་གཏོང་རྒྱུ། ཐེངས་འདིའི་ལེགས་སྒྲིག་དེས་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་མི་ཁྲི48ལ་ཕན་པ་ཐོབ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་བྱ་བའི་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། མཁར་གྲོང་སྡོད་དམངས་ཀྱི་རྒན་རྒོན་གྱི་གཞི་རྩའི་འཚོ་བར་འགན་ལེན་སྔར་ལས་ཇེ་ལེགས་སུ་བཏང་ནས། མཁར་གྲོང་སྡོད་དམངས་རྒན་རྒོན་གྱི་ཐོབ་སྣང་ཆེ་རུ་བཏང་བ་རེད། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཚོགས་འགན་བཅོལ་གཉེར་སྐྱོང་ལས་ཁུངས་ཀྱིས་གསབ་སྤྲོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་ཇེ་མང་དུ་བཏང་བའི་རྨང་གཞིའི་རྒན་གསོའི་དངུལ་མགྱོགས་མྱུར་ངང་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།