ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་གྲོང་སྡེ་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཤང་གྲོང366དང་གྲོང་སྡེ4149གིས་ཕུན་སུམ་ཚོགས་པོའི་ངང་སྐབས་བརྗེ་བའི་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ནས། ཞིང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས“ཕྲག་ཐོག་གཅིག”གིས་བསྡུར་གྲངས་ཟིན་ཚད80.57%ལ་སླེབས་ཡོད། གྲོང་སྡེའི་ཏང་རྩ་འཛུགས4223ཀྱིས“བརྒྱ་ཆ་བརྒྱ་ཚད་ལོན་པར་སྐུལ་འདེད་གཏོང་བ་དང་། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་འཁྲུངས་སྐར་ལ་བསུ་བ་ཞུ་བ”སོགས་དཔྱད་འདེམས་ཀྱིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཡོངས་རྫོགས་ཀླད་ཀོར་ནས་བརྒལ་ཏེ། ལོ་རེའི་ཡོང་སྒོ་སྒོར་ཁྲི10ཡན་གྱི60.9%ལ་སླེབས་ཡོད།

ཏང་གི་འཛུགས་སྐྲུན་ལ་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་མགོ་ཚུགས་ཚུན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་ལས་དོན་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་དེ་གྲོང་གསེབ་བཅོས་སྐྱོང་དང་སྦྲེལ་མཐུད་དང་མཉམ་འདྲེས་བྱེད་པར་རྒྱུན་འཁྱོངས་བྱས་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་བཟོས་ཏེ། རྩ་འཛུགས་སྟོབས་ཆེན་དང་རྨང་གཞི་སྲ་བརྟན་དུ་བཏིང་བ། དཔུང་ཁག་འཛུགས་སྐྱོང་དང་འགན་ལེན་ལ་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་པ་དང་བྱ་ཐབས་དངོས་བཏོན་ནས། ཏང་གི་འཛུགས་སྐྱོང་གྱི་སྣེ་ཁྲིད་འོག་གྲོང་གསེབ་བཅོས་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་གྲུབ་འབྲས་གསར་བ་ཐོབ་པ་དང་ཚལ་བརྒལ་གསར་བ་བྱུང་བར་སྐུལ་འདེད་བཏང་།

རྩ་འཛུགས་མ་ལག་དམ་ཚགས་སུ་བཏང་ནས་གྲོང་སྡེའི་རྩ་འཛུགས་ཆབ་སྲིད་བྱེད་ནུས་སྔར་ལས་མངོན་གསལ་ཡིན་པ།

“རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་སྟོན་ཕྱོགས་ནི་ཏང་རྩ་འཛུགས་མཐོར་འདེགས་གཏོང་བའི་དགོས་ངེས་ཀྱི་ནུས་པ་ཡིན་ལ། གལ་ཆེན་ནང་གི་འགངས་ཆེན་ནི་ཏང་གི་གཞི་རིམ་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་རྒྱུ་དེ་རེད”

ཞིང་ཆེན་ཏང་ཨུའི“རྩ་འཛུགས་མ་ལག་འཛུགས་སྐྱོང་གི་ལོ་གསུམ་འགུལ་སྐྱོད”ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་དང་གྲོང་ཁྱེར་རྫོང་དང་ཤང་བཅས་རིམ་པ་བཞིའི་རྩ་འཛུགས་ཀྱིས་གོང་འོག་མཉམ་འགུལ་དང་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་ཞིང་ཆེན་ཡོངས་ཀྱི་གྲོང་སྡེ4149ཡི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཕྱོགས་6ལ་དམིགས་པའི་གཙོ་གནད་ལས་འགན21ལ་སྐུལ་འདེད་བཏང་ནས། བྱ་ཐབས་དངོས་འདོན་པ་དང་བྱས་རྗེས་ཏན་ཏིག་འཇོག་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།

གྲོང་སྡེའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་ལ་བརྟེན་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གྲོང་སྡེ་རིམ་པའི་སྲིད་ཇུས་གལ་ཆེན་དོན་འཁྱོལ་དང་། རྣམ་གྲངས་གལ་ཆེན་བཀོད་སྒྲིག མ་དངུལ་གལ་ཆེན་བགོ་བཤའ་བཅས་གོ་སྐབས་སུ་བྱས་ཏེ། སྡེ་མིའི་འཐུས་མི་དང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ལེ་ལག་ཚང་བའི་རྩ་འཛུགས་ཀྱི་སྐབས་བརྗེ་བའི་འདེམས་བསྐོ་དུས་གཅིག་ཏུ་ལེགས་འགྲུབ་བྱེད་པ་དང་། “གྲོས་བཞི་ཡོངས་བསྒྲགས་གཉིས”ཀྱི་དམངས་གཙོའི་གྲོས་མོལ་ཐབས་ཇུས་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། གྲོང་ཚོ་རིམ་པའི་སྲིད་ཇུས་གལ་ཆེན་དོན་འཁྱོལ་དང་རྣམ་གྲངས་གལ་ཆེན་བཀོད་སྒྲིག མ་དངུལ་འབོར་ཆེན་སྙོམས་སྒྲིག་བཅས་བྱས་ཏེ། གྲོང་སྡེའི་ཏང་རྩ་འཛུགས་ཀྱིས་སྔ་མོ་ནས་ཞིབ་བཤེར་དམ་འཛིན་བྱས་པས། ཏང་རྩ་འཛུགས་ཀྱི་རིགས་སོ་སོའི་རྩ་འཛུགས་དང་ལས་དོན་སོ་སོར་ཕན་འབྲས་ལྡན་པར་སྤྱི་འདོམས་བྱེད་པའི་ནུས་སྔར་ལས་མངོན་གསལ་ཡིན་པ་རེད།

“ཡུལ་བབ་དང་བསྟུན་པ་དང་ལྟ་སྟངས་མི་འདྲ་བ། རིགས་དབྱེ་མཛུབ་ཁྲིད། ཁྲིམས་ལྟར་བཀོད་སྒྲིག”བཅས་ཀྱི་རྩ་དོན་ལྟར། གནས་སྤོར་བཀོད་སྒྲིག་བྱ་ཡུལ་དུ་ཏང་རྩ་འཛུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མི་འབོར་གཞི་ཁྱོན་ཅུང་ཆེ་བ་དང་ཏང་ཡོན་མི་གྲངས་མང་བ། ཐག་རིང་ལུང་ཁུག་ཏུ་གནས་པའི་གྲོང་སྡེར་ཏང་ཚོགས་ཆུང་ངམ་ཡང་ན་མཉམ་འབྲེལ་ཏང་རྩ་འཛུགས་བཙུགས་ཏེ། ཏང་གི་གཞི་རིམ་རྩ་འཛུགས་ཁྱོན་ཡོངས་ནས་ནུས་ལྡན་ངང་ཁྱབ་པར་སྐུལ་འདེད་གཏོང་དགོས།མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཡི་ཆི་ལི་ཏན་གྱིས་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་གྱིས་གཞི་ཁྱོན་ཆེ་བ་དང་། གྲོང་སྡེ་དང་འབྲེལ་བ་ཡོད་པ། གནས་སྤོར་མཁན་མང་བ་བཅས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། གནས་སྤོར་ཤང་གྲོང་ཚན་པར་བྱས་ཏེ“ཆི་ལི་ཏེན་སྡེ་ཁུལ་གྱི་ས་ཁོངས་ཅན་གྱི་ཏང་ཀྲི་པུ”བཙུགས་ནས“མཉམ་འདྲེས་དྲུག་གི་བྱ་བའི་བྱེད་ཐབས”གསར་གཏོད་དང་ཁྱབ་གདལ་བཏང་སྟེ། གནས་སྤོར་མང་ཚོགས་ལ་རང་ངོས་དོ་དམ་དང་། རང་གིས་རང་ལ་ཞབས་ཞུ། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ལྟ་སྐུལ་བཅས་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་བ་རེད། གྲོང་སྡེའི་ཏང་ཀྲི་པུའི“མཁར་རྫོང་གི་སྟོན་གྲངས”ཀྱི་དཔྱད་གདེང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། གྲོང་སྡེའི་ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་པ། རྩྭ་ཐང་དོ་དམ་དང་ནད་ཡམས་འགོག་སྡོམ། ཏང་ཡོན་དོ་དམ་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ལས་བརྒལ་བའི་ས་ཁོངས་མཉམ་འབྲེལ་ཏང་རྩ་འཛུགས་གསར་གཏོད་བྱས།

དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པར་སྐུལ་འདེད་ཏན་ཏིག་བཏང་བས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་དགོངས་པ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་མགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་ལས་མངོན་གསལ་ཡིན།

དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གྲོང་སྡེ་བཅོས་སྐྱོང་གི་རྐང་འཛིན་སྟོབས་ཤུགས་སྔར་ལས་སྲ་བརྟན་ཡིན་པ།

གྲོང་སྡེ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་སྐྱོར་བྱེད་པར་གནད་འགག་ནི་ལས་བྱེད་པ་ཡིན།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་ཆུ་མགོ་སྡེ་བར་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་རྣམ་པ་དེ་སྔར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་དཔྱིད་དཔལ་བཞད་པ་ལྟར་སྣང་ཞིང་། ངས་དྲིན་ཚོར་གྱི་བརྩེ་སེམས་དེ་ལས་སྒྲུབ་ལས་གཏོད་དང་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་སུ་འགྱུར་རྒྱུ་ཡིན”ཞེས་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་ཆུ་མགོ་སྡེ་བའི་ཕུལ་བྱུང་མི་སྣ་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་བཀྲ་ཤིས་ཟླ་བས་འདེམས་ཤོག་ཆ་ཚང་གི་ཐོག་ནས་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་རྗེས་འགན་འཁྲི་བསྒྲུབ་པར་ཁས་ལེན་གནང་བ་རེད།

2021ལོར་ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག366གི་སྐབས་བརྗེ་བའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་དང་།ཏང་ཨུས་ཆོག་མཆན་བཀོད་པའི་འོས་མི་ཚང་མ་བདེ་བླག་ངང་བདམས་ཐོན་བྱུང་། སྤུས་ཚད་མཐོ་བའི་ངང་གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་བའི་ལས་དོན་ལེགས་འགྲུབ་བྱུང་ལ། “ཨུ་ལྷན་གཉིས”ཀྱི་ཁོངས་མིའི་རིག་གནས་ཆུ་ཚད་དང་ལོ་ནའི་གྲུབ་ཆ། སྤྱི་ཡོངས་ཀྱི་ནུས་པ་བཅས“གཅིག་འཕར་གཅིག་ཆག་གཅིག་དང་གཅག་ཕན་བྱུང་ཡིན་པ”མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་ཀྱི་མཐོ་སློབ་ཀྱི་མཐོར་ཕྱིན་སློབ་མ1106དང་ཕྱུག་འགྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཅན4397ཡོད། ཕྱི་ཕྱོགས་ཚོང་གཉེར་ལས་མི2229ཡི་ཁྲོད་ཕྱིར་ལོག་མི་སྣ589“ཞིང་སྡེའི“ཨུ་ཡོན་ལྷན་ཁང་གཉིས”སུ་ཞུགས། ཤེས་ལྡན་པ་ཕུལ་བྱུང་སྐོར་ཞིག་གྲོང་སྡེ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་པའི་མདུན་ཕྱོགས་ཀྱི་སྟོབས་ཤུགས་སུ་གྱུར་ཡོད།

“གྲོང་སྡེའི་ལས་བྱེད་པའི་སློབ་རྒྱུས་བྱང་ཚད་མཐོར་གཏོང་བཟོ་འགོད”ལག་བསྟར་བྱས་པ། ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་གྲོང་སྡེའི་ལས་བྱེད་པ་3000ལྷག་སློབ་རྒྱུས་མཐོར་གཏོང་གི་སློབ་གསོའི་ནང་ཞུགས་ནས་གྲོང་སྡེ་བཅོས་སྐྱོང་ལ་བྱང་ཚད་མཐོ་བ་དང་ལས་སྒོ་བྱང་ཆུབ་པའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས། ཞིང་ཆེན་ཡོངས་སུ་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི5221འདེམས་གཏོང་བྱས་པས་གྲོང་སྡེའི་འཐབ་ཕྱོགས་དང་པོའི་རྐང་འཛིན་སྟོབས་ཤུགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། “གྲོང་གསེབ་དར་སྤེལ་གྱི་གཙོ་གནད་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཡིན་པའི་ངས་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བར་མྱོང་ཚོར་ཟབ་མོ་བྱུང”ཞེས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཧྲང་ཝུ་ཀྲོང་གྲོང་རྡལ་པའོ་ལེ་སྡེ་བའི་ཧྲུའུ་ཅི་དང་པོ་ལུའེ་པའོ་སེན་གྱིས་དེ་ལྟར་བཤད།

དཀའ་གནད་འགག་སྒྲོལ་བྱས་ཏེ་ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་པའི་གྲོང་སྡེ་བཅོས་སྐྱོང་སྔར་ལས་དོན་དངོས་གཉེར་བ།

གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ཐོབ་ཐང་མཉམ་འབྲེལ་ཞིབ་བཤེར་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ནུས་པའི་མཛུབ་ཁྲིད་ཚད་གཞི། རྫོང་རིམ་པའི་ཐོ་འགོད་དོ་དམ་སོགས་ཀྱི་ལམ་ལུགས་དང་ཚད་གཞི་དོན་འཁྱོལ་བྱས་ཏེ། ཆ་རྐྱེན་མི་འཛོམས་པའི་མི་སྣ་གྲོང་སྡེའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ཏུ་ཞུགས་པར་འབྱུང་རྩ་ནས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། གྲོང་སྡེའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྤྱོད་གཙང་དང་ཇེ་ལེགས་སུ་བཏང་ཡོད། ནག་སེལ་ངན་བཅོམ་འཐབ་རྩོད་དེ་གྲོང་གསེབ་བཅོས་སྐྱོང་གི་རྒྱུན་གཏན་གྱི་ལས་དོན་ནང་ཁྱབ་པར་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ནུས་མེད་ཟབ་ཟོབ་ཀྱི་གྲོང་སྡེའི་ཏང་རྩ་འཛུགས་གྲལ་བཤེར་དག་ཐེར་གྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། “ཡུལ་གྱི་བཙན་པོ”སོགས་ཀྱི་གནད་དོན་ལ་དོགས་ཟོན་དང་བཅོས་སྒྲིག་བྱེད་པ་བཅས་བྱས་ཏེ་འགན་འཁྲི་མི་འཁུར་བ་དང་། ལས་དོན་མི་སྒྲུབ་པ། ནུས་པ་ཞན་པ། གནད་དོན་ཡོད་པ་བཅས་ཀྱི་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་མཐའ་གཅིག་ཏུ་ལེགས་སྒྲིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། གྲོང་སྡེའི་ཏང་རྩ་འཛུགས་ཀྱི་གཙོ་ཁྲིད་འོག་གི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གནད་དོན་གཞི་རིམ་དུ་ཐག་གཅོད་དང་འབྱུང་རྩ་ནས་ཧུར་ཐག་གིས་ཐག་གཅོད་བྱེད་དགོས། རྨ་ཆེན་རྫོང་གིས་མི་རིགས་ས་ཁུལ་བཅོས་སྐྱོང་བྱེད་དཀའ་བའི་དོན་དངོས་ལ་གཞི་ཚུགས་ནས། གྲོང་སྡེའི་ཏང་ཀྲི་པུའི་མགོ་ཁྲིད་འོག་གི་སྡེ་མིའི་རང་སྐྱོང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྫོང་དེ་ཡོངས་ཀྱི་གྲོང་ཚོ་35རུ་གྲོང་ཚོ་རེ་རེ་བཞིན་དུ་ཐོན་སྐྱེད་འཕེལ་རྒྱས་དང་།རྩོད་གཞི་འདུམ་འགྲིགཁོར་ཡུག་སྲུང་སྐྱོང་།བདེ་འཇགས་མཉམ་འགོག་སོགས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང11བཙུགས་ནས། གྲོང་སྡེའི་ལས་བྱེད་པ་དང་ཏང་ཡོན། མང་ཚོགས་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་ཆེད་དོན་ལས་དོན་ཚོགས་ཆུང་ཁག་གི་སྒྲིག་ཁོངས་སུ་བཅུག་པ་དང་ཏང་ཡོན་མང་ཚོགས་བཅོས་སྐྱོང་ནང་ཞུགས་པའི་གཟི་བརྗིད་ཀྱི་བསམ་པ་དང་བདག་པོའི་འདུ་ཤེས་ཇེ་ཟབ་ཏུ་ཆེས་ཆེར་ཕྱིན་ཡོད།

ཞིང་སྡེ་རིམ་པའི་རྩ་འཛུགས་ཀྱི་འཁོར་རྒྱུག་གྲོན་དངུལ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ཆེད་དོན་གྲོན་དངུལ་ཚང་མ་ནོར་སྲིད་ཀྱི་འགན་ལེན་ནང་བཅུག་ནས། གྲོང་སྡེའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིའི་དཔྱད་ཞིབ་ཀྱི་བྱེད་ཐབས་བཟོ་བ་དང་ལས་རྗེས་དཔྱད་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ངང་སྤྱད་དེ། གྲོང་སྡེའི་ལས་བྱེད་པའི་གླ་ཆ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གྲོང་སྡེའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཁུར་བ་གཙོ་བོའི་ལོའི་ཆ་སྙོམས་གླ་ཆ་དེ་གྲོང་སྡེའི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ3.16ཟིན། ཕུལ་བྱུང་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རྒྱུགས་བསྡུའི་གཞུང་ཞབས་པ་དང་། ཤང་དང་གྲོང་རྡལ་གྱི་ལས་དོན་དཔྱད་ཞིབ་ཀྱི་ལས་སྒྲུབ་མི་སྣའི་ལས་དོན་ལ་ཕྱོགས་ནས་བསྡུས་པའི་ལས་དོན་མི་སྣར་གཞི་ཚུགས་པའི་ལས་དོན་མི་སྣ་བཀོད་སྒྲིག་བྱས། གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་སྲ་བརྟན་དང་སྟོབས་ཆེན་དུ་གཏོང་བ་དེ་གྲོང་སྡེ་རིམ་པའི་རྩ་འཛུགས་ཀྱི་བཅོས་སྐྱོང་ནུས་པ་ཇེ་ཆེར་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་དུ་བརྩི་དགོས། 2020ལོའི་ཟླ7པར་ཞིང་ཆེན་ཡོངས་ཀྱི་གྲོང་སྡེ4149ལ་ཁྱོན་ཡོངས་ནས“སྔར་མེད་འཕེལ་རྒྱས”ཐོབ་པ་དང2021ལོའི་ལོ་མཇུག་ལ་ཡོང་འབབ་སྒོར་ཁྲི10ཡན་བྱུང་བའི་གྲོང་སྡེ60%ལས་བརྒལ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།