ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བཅུའི་རིང་མཚོ་སྔོན་གྱི་སྡོད་དམངས་ཀྱི་ཡོང་འབབ་ལོ་རེའི་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མགྱོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་ཞིབ་སྤྱི་ཁྱབ་རུ་ཁག་གི་སྡོད་དམངས་གཏོང་ཡོང་ཁྲུའུ་ཡི་ཁྲུའུ་ཀྲང་ཕེང་ཅན་ཡུང་གིས“མཚོ་སྔོན་གྱི་ལོ་བཅུ”ཞེས་པའི་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད9.5%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་ཀྱི་སྡོད་དམངས་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་སོ་སོར་བརྒྱ་ཆའི་གྲངས0.7དང0.6། 0.9བཅས་ཀྱིས་མགྱོགས་པ་རེད།

ལོ་བཅུའི་རིང་། མཚོ་སྔོན་ཞིང་ཆེན་གྲོང་གསེབ་ཀྱི་སྡོད་དམངས་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། 2021ལོར་མཚོ་སྔོན་གྱི་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར13300ཟིན་པ་དེ2012ལོ་ལས་སྒོར6688འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱིས8.1%འཕར་ནས། ལོ་རེའི་ཆ་སྙོམས་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས2.3གྱིས་མགྱོགས་པ་རེད། སྡོད་ཁང་དང་དེ་བཞིན་ཆ་སྡེབ་སྒྲིག་ཆས་འཐུས་ཚང་དུ་གྱུར་བ་དང་། སྡོད་ཁང་གི་རྒྱ་ཁྱོན་ལ་བལྟས་ན། 2021ལོའི་མཚོ་སྔོན་གྱི་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན2013ལོ་ལས་9.0%འཕར་ཡོད། ཆ་སྡེབ་སྒྲིག་ཆས་ལ་བལྟས་ན། 2021ལོར་མཚོ་སྔོན་གྱི་གྲོང་གསེབ་སྡོད་དམངས་ཀྱིས་གཙང་སེལ་བྱས་པའི་རང་འབབ་ཆུ་སྤྱོད་མཁན་དུད་ཚང་གི་བསྡུར་ཚད2013ལོ་ལས་བརྒྱ་ཆའི་གྲངས་12.0མཐོ་རུ་ཕྱིན་པ་དང་། མཚོ་སྔོན་སྡོད་དམངས་ཀྱི་གསང་སྤྱོད་རིགས་ནི་འཕྲོད་བསྟེན་གསང་སྤྱོད་ཡིན་པའི་དུད་ཚང་གི་བསྡུར་ཚད2013ལོ་ལས་བརྒྱ་ཆའི་གྲངས30.6མཐོ་རུ་ཕྱིན་ཡོད་པ་རེད། ཁྱིམ་སྤྱོད་གློག་ཆས་གཙོ་བོའི་བདག་བཟུང་བྱེད་ཚད་ལ་བལྟས་ཚེ། གོས་འཁྲུད་འཕྲུལ་ཆས་དང་འཁྱགས་སྒམ། ཚོན་ལྡན་བརྙན་འཕྲིན་བཅས་ཐམས་ཅད་ལ་ཡོད་པ་དང་། ཆུ་དྲོད་བཟོ་ཆས་སོགས་ཀྱི་ཁྱིམ་སྤྱོད་གློག་ཆས་ཡོད་ཚད་ཅུང་མགྱོགས་མྱུར་ངང་འཕར་ཡོད། མཚོ་སྔོན་གྲོང་གསེབ་སྡོད་དམངས་ཀྱི་དུད་ཚང་བརྒྱ་རེར་ཆ་སྙོམས་ཀྱིས་ཆུ་དྲོད་བཟོ་ཆས་དང་སྣུམ་རླངས་འབུད་ཆས་ཡོད་ཚད་སོ་སོར་ལྡབ2.3དང་ལྡབ3.5འཕར་ཡོད། འགྲིམ་འགྲུལ་འཕྲིན་གཏོང་འཛད་སྤྱོད་ལ་བལྟས་ན། 2021ལོར་མཚོ་སྔོན་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་འགྲིམ་འགྲུལ་དང་འཕྲིན་གཏོང་གི་གཏོང་སྒོ་སྒོར2255ཟིན་ནས་ལོ་རེར་ཆ་སྙོམས་ཀྱིས10.6%འཕར། ཁྱིམ་སྤྱོད་རླངས་འཁོར་དང་འཕྲིན་གཏོང་གློག་རྡུལ་ཐོན་རྫས་ལྡན་ཚད་མགྱོགས་མྱུར་འཕར་ཡོད། སློབ་གསོ་རིག་གནས་རོལ་རྩལ་ཞབས་ཞུའི་གཏོང་སྒོར་བལྟས་ན། 2021ལོར་མཚོ་སྔོན་གྱི་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་སློབ་གསོ་རིག་གནས་རོལ་རྩེད་ཞབས་ཞུའི་གཏོང་སྒོ་སྒོར1136ཟིན་ནས་ལོ་རེར་ཆ་སྙོམས་ཀྱིས8.7%འཕར་ཡོད། སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་ཞབས་ཞུའི་ཐད་ནས་བལྟས་ན། 2021ལོར་མཚོ་སྔོན་གྱི་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་སྨན་བཅོས་དང་བདེ་སྲུང་གི་གཏོང་སྒོ་སྒོར1401ཟིན་པ་དང་ལོ་རེར་ཆ་སྙོམས་ཀྱིས8.5%འཕར་ཡོད།

གཞན་ཡང་། ལོ་བཅུའི་རིང་། མཚོ་སྔོན་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་འཕར་བྱུང་ནས་དམིགས་ཚད་མངོན་འགྱུར་བྱུང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་ལ། 2019ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང39ཡི་དབུལ་ཞྭ་ཕུད་པ་དང་། ད་ལྟ་ལག་ལེན་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་ཐར་བྱུང་བས་དབུལ་པོ་དབུལ་ནག་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་མེད་པར་བཟོས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།