ཀྲུང་གོ་བོད་ཀྱི་དྲ་བ།

རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཏིང་ཧྥེང་ཧྲན་གྱིས་དགོན་སྡེ་སོ་སོའི་ལས་དོན་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.gif

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཏིང་ཧྥེང་ཧྲན་གྱིས་སྔ་རྗེས་སུ། རྨ་ཆུ་ཤང་ཧོར་སྐོར་དགོན་བཤད་སྒྲུབ་དར་རྒྱས་གླིང་དང་རྨ་ཕྲ་ལི་གྲོང་རྡལ་ཁེ་རེ་ལུང་རྒན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་ཀྱི་དགོན་སྡེའི་ལས་དོན་ལ་རྟོག་ཞིབ་བྱས་པ་དང་། དམངས་གཉེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་གནང་ནས། ཁོ་ཚོར་འཚམས་འདྲིའི་དངུལ་དང་འཚམས་འདྲིའི་དངོས་པོ་སྤྲད་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་བསྡུས། 

2.jpg

རྟོག་ཞིབ་བྱེད་སྐབས་ཏིང་ཧྥེང་ཧྲན་གྱིས་ཡུལ་དངོས་སུ་བཅར་འདྲི་དང་སྙན་ཞུར་ཉན་པ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་རྫོང་ཁོངས་ཀྱི་དགོན་སྡེ་སོ་སོ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོ་སོའི་གཞི་རྩའི་ཆ་འཕྲིན་དང་། རིམས་ནད་འགོག་སྡོམ། ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་ངང་རྒྱུས་ལོན་བྱས། ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་འཚམས་འདྲི་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་ཚོར་དུ་བཅུག་པར་མ་ཟད། ནན་ཏན་གྱིས་ཁོ་ཚོའི་བསམ་འཆར་དང་གྲོས་གཞིར་ཉན། ཁོས་བཀའ་དྲིན་ཡིད་ལ་དམ་པོར་བཅངས་ནས་ཏང་གི་མགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་དགོས་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འོས་འཚམ་སྒོས་ཁྲིད་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཆམ་མཐུན། སྤྱི་ཚོགས་བདེ་འཇགས། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དགེ་བའི་ལས་མང་ཙམ་བསྒྲུབ་དགོས་ཤིང་། བསྟན་བཅོས་དང་ཆོས་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་གུང་ཁྲན་ཏང་གི་བཀའ་དྲིན་མི་བརྗེད་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱས་ནས། དཀའ་ཁག་མང་པོ་ལས་བྱུང་བའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་པ་དང་། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་རྨ་སྟོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས། ཆོས་ལུགས་དོ་དམ་ལ་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས། ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སོགས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན། 

དགོན་སྡེ་སོ་སོའི་མི་རིགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོས་གཅིག་རྗེས་གཉིས་མཐུད་ངང་དམངས་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་ལ་བློ་གཅིག་སེམས་གཅིག་བྱས་ནས། དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་ལ་ཉེ་པའི་སྐབས་འདིར། རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ལ་རང་རྟོགས་ཀྱིས་མིག་དཔེ་བཟང་བོ་བསྟན་ནས། ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་དང་བརྟན་ལྷིང་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་རྒྱུ་ཡིན་ཟེར།

རྨ་སྟོད་རྫོང་གི་མགོ་ཁྲིད་བཀྲ་ཤིས་རྡོ་རྗེ་དང་པའོ་ཀུའེ་ལན་དང་། ཤང་དང་གྲོང་རྡལ། རྫོང་ཨུ་སོ་སོའི་གཞུང་ལས་ཁང་། རྫོང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། རྫོང་སྤྱི་བདེ་ཅུའུ། འགན་འཁུར་བློ་མཐུན་དང་དགོན་སྡེའི་མཛུབ་ཁྲིད་པ། མི་རིགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།