ལིའུ་ཐའོ་ཡིས་མགོ་ལོག་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས18ཉིན་ནས་ཚེས20ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྗོང་དང་གཅིག་སྒྲིལ་རྫོང་། རྨ་སྟོད་རྫོང་བཅས་སུ་རྟོག་ཞིབ་བྱེད་སྐབས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ་དང་དོ་དམ་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ། ངེས་པ་དོན་གྱིས་བདེ་འཇགས་ཚད་བརྟན་སྲུང་བྱས་ཏེ་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་དགོས་ཟེར།

ལིའུ་ཐའོ་སོགས་སྔ་གཞུག་ཏུ་གཉན་པོ་གཡུ་རྩེ་རང་བྱུང་སྲུང་སྐྱོབ་ཁུལ་དང་ཨ་མྱེས་རྨ་ཆེན་གངས་རི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་སུ་སོང་ནས་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། ས་གཤིས་གནོད་འཚེ་འགོག་བཅོས་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པར་མ་ཟད། འགན་ལེན་འབྲེལ་འདྲིས་བྱས་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་ལ་ལྟ་སྐུལ་མཛུབ་སྟོན་དང་སྐུལ་འདེད་བཏང་། ཁོས་མགོ་ལོག་ཁུལ་ནི་རྨ་ཆུའི་འབྱུང་ཡུལ་ཡིན་ལ། རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཁུར་ཡོད་པས། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན་གལ་ཆེན་ལ་མུ་མཐུད་དུ་འཆར་འགོད་དང་ལག་བསྟར་བྱེད་པ་དང་། རྒྱལ་ཁོངས་ལྗང་སྒྱུར་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན། ས་ནག་རྣམ་པའི་རྩ་ཐང་ཞན་འགྱུར་བཅོས་སྐྱོང་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་དབྱེ་འབྱེད་བྱེད་པ་དང་བྱེད་ནུས་ཡན་ལག་ས་ཁུལ་ལེགས་བསྒྱུར་བྱེད་པ། དོ་དམ་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་བརྟན་སྲུང་བྱེད་དགོས། ཚད་མཐའི་བསམ་ཕྱོགས་ཇེ་དྲག་ཏུ་བཏང་སྟེ་བློ་ཐག་རྦད་ཆོས་སྒོས་ས་གཤིས་གནོད་འཚེའི་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱས་ཏེ། འགུལ་སྐྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།