ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་གསུམ་པའི་ཀྲུའུ་རེན་གྲོས་ཚོགས་ཐེངས108པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་གསུམ་པའི་ཀྲུའུ་རིན་གྲོས་ཚོགས་ཐེངས108པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་མགོ་འཛིན་བྱས། མ་ཝེ་དང་ཉི་མ་སྒྲོལ་མ། ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཅ་དབྱིན་ཀྲུང་སོགས་ཚོགས་འདུར་ཞུགས། 

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས35པའི་ཉིན་རེའི་གྲོས་ཟིན་གྱི་སྙན་ཞུར་ཉན། གྲོས་ཚོགས་སྟེང་རིམ་པ་བཞིན་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་སྲོལ་ཡིག་གྲོས་ཟིན་བཟོ་བཅོསདང་། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་གི་སྲོལ་ཡིགགྲོས་ཟིན་བཟོ་བཅོས། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་སྲོལ་ཡིགགྲོས་ཟིན། སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་རམ་འདེགས་མི་སྣའི་དོ་དམ་སྲོལ་ཡིགགྲོས་ཟིནདང་ཁྲིམས་འཛུགས་སྔོན་གྱི་ཉེན་ཁའི་དཔྱད་འཇོག དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིགགྲོས་ཟིནསོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུར་མཉན་པ་དང་། མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་ཁོར་ཡུག་སྲུང་སྐྱོང་དོ་དམ། མཚོ་ཤར་གྲོང་ཁྱེར་ས་འོག་ཕྱོགས་བསྡུས་སྦུག་ལམ་གྱི་དོ་དམ་སྲོལ་ཡིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་རྒོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་ཁེ་དབང་སྲུང་སྐྱོང་སྲོལ་ཡིག》ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་དང་། 2021ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ཀྱི་ཕྱོགས་བསྡུས་སྙན་ཞུ་དང་རྟོག་ཞིབ་གནས་ཚུལ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་འཛུགས་སྐྲུན་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དང་ཆེད་དོན་རྩད་འདྲི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་འཐུས་མིའི་ཁ་གྲངས་དང་བགོ་བཤའ། འདེམ་བསྐོའི་གནད་དོན་བཅས་ཀྱི་ཆོད་དོན་གྲོས་ཟིན། ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞིའི་ཐག་གཅོད་དང་ལྟ་རྟོག་སྐོར་གྱི་གནས་ཚུལ། འཐུས་མི་ལ་ལའི་འཐུས་མིའི་ཐོབ་ཐང་གི་གྲོས་ཞིབ། དེ་མིན་མི་དོན་བསྐོ་འཐེན་གྲོས་གཞི་སོགས་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་མཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་སྙན་ཞུ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་བར་སྤྲད་དེ་གྲོས་ཞིབ་བྱེད་དུ་འཇུག་པར་འཐད་པ་བྱུང་། 

གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།