ཀྲུང་གོ་བོད་ཀྱི་དྲ་བ།

དགའ་བདེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་བྱ་ཆེད། དགའ་བདེ་རྫོང་གིས“འབྲེལ་བ་བཞི་དང་རྒྱུགས་ཤོག་གསུམ”གཙོ་ཐིག་ཏུ་བྱས་ནས། “155”ཏང་འཛུགས་ཕྲེང་འབྲེལ་ལ་བརྟེན་ནས། “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དགའ་བདེ་གསར་བ་འཛུགས་སྐྲུན་བྱེད”ཅེས་པ་བརྗོད་གཞི་ཡིན་པའི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ། 

བྱེད་སྒོ་སྤེལ་བའི་རིང་སྡེ་ཁག་སོ་སོ་དང་ཚན་པ་སོ་སོས་རང་གི་ལས་སྒོ་དང་ཟུང་འབྲེལ་བྱས་ཏེ། རྫོང་མཁར་གྱི་ཝུའུ་ཆིང་ཐང་ཆེན་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས། དགའ་བདེ་རྫོང་ཞིབ་དཔྱོད་ཁང་གིས་ཡུལ་དངོས་སུ་མང་ཚོགས་ལ་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་སྲིད་ཇུས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་པ་དང་། ཐེར་འདོན་དང་ལས་གནས་ཉེས་གསོག་སྔོན་འགོག་སོགས་ཀྱི་བཅའ་ཁྲིམས་ཀྱི་རྒྱུན་ཤེས་གསལ་འགྲེལ་བྱས། དགའ་བདེ་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་མང་ཚོགས་ལ་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ནང་དོན་གཙོ་གནད་དུ་འགྲེལ་བཤད་བྱས་པ་མ་ཟད། མང་ཚོགས་རྣམས་ལ་འབྲུབ་འགོག་དང་མི་རིགས་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་ཀྱི་ཤེས་བྱའི་དྲི་བར་ལན་བཏབ། དགའ་བདེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་མགོ་ལོག་མི་དམངས་སྨན་ཁང་དང་དགའ་བདེ་རྫོང་མི་དམངས་སྨན་ཁང་། ཧྲང་ཧེ་མི་དམངས་སྨན་ཁང་དྲུག་པ་དང་ཧྲེང་ཧེ་ཧོང་ཕུའུ་ཆུས་སྨན་ཁང་བཅས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཉམ་འབྲེལ་ཆེན་མོའི་བརྟག་དཔྱད་བྱ་འགུལ་སྤེལ། དགའ་བདེ་རྫོང་ཁྲིམས་ཁང་གིས་མང་ཚོགས་ལ་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ངོ་སྤྲོད་ཞིབ་མོ་བྱས་ཏེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་བཅངས་པའི་ཐུགས་ཁུར་ལ་ངོས་འཛིན་གཏིང་ཟབ་བྱས་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་མི་རིགས་སྲིད་ཇུས་ལ་ཁས་ལེན་བྱེད་ཚད་ཆེས་ཆེར་མཐོ་རུ་བཏང་། དགའ་བདེ་རྫོང་སྤྱི་བདེ་ཅུའུ་ཡིས་གློག་འཕྲིན་མགོ་སྐོར་དང་དུག་འགོག་ཤེས་བྱ་དྲིལ་བསྒྲགས་དང་རྡུང་རྡེག་བཏང་ནས། སྤྱི་ཚོགས་ལས་རིགས་སོ་སོའི་མི་དམངས་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་སུ“མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་དར་རྒྱས་གོང་འཕེལ་བྱུང་བའི”ཁོར་ཡུག་ཡག་པོ་སྐྲུན། དགའ་བདེ་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཞུང་ལས་ཁང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྫོང་ཆོས་ལུགས་མཐུན་ཚོགས་བཅས་ཀྱིས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》དང《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》《དགའ་བདེ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ཤེས་དགོས་པའི་ཤེས་བྱ་ཕྱོགས་བསྒྲིགས》བཅས་ཀྱི་དྲིལ་སྒྲོག་ཡིག་ཆ་འགྲེམ་གཏོང་བྱས། 

རྗེས་མར་དགའ་བདེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་གོ་སྐབས་སུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་སྲིད་ཇུས་དང་མི་རིགས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དངོས་འབེབས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།