ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོའི་མཚོ་སྔོན་ཚོགས་ར་གཙོ་བོའི་བྱ་འགུལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དགོངས་དོན་དར་སྤེལ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་བྱས་ཏེ། ཚན་རིག་ཕུགས་འདུན་དང་ཚན་རིག་འདུན་མ་སྐུལ་སྤེལ་བྱེད་པ་དང་། དམངས་ཡོངས་ཚན་རིག་ཁྱབ་གདལ་གྱི་མཁའ་དབུགས་སྟུག་པོའི་ཁྲོད་ཞུགས་ཏེ། དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱ་ཆེད། ཟླ9པའི་ཚེས21ཉིན། མཚོ་སྔོན་གྱིས་དྲ་ཐོག“2022ལོའི་ཚན་རིག་ཁྱབ་གདལ་མཚོ་སྔོན་ཚོགས་ར་གཙོ་བོའི་བྱ་འགུལ”ཁྱབ་བསྒྲགས་བྱས། བྱ་འགུལ་གྱི་ཉིན་མོར། མི་ཐེངས་ཁྲི2ལྷག་བྱ་འགུལ་ཁྲོད་ཞུགས། 

ཐེངས་འདིའི་བྱ་འགུལ་གྱི་ནང་དོན་རྣམ་པ་མང་ཞིང་། དྲ་གྲོགས་ཚོའི་དགའ་སྐྱིད་ཁྲོད་ཤེས་བྱ་དང་དགའ་སྤྲོ་ཐོབ་པ་དང་། ཚན་རིག་གི་མཛེས་པ་མྱོང་རོལ་བྱས་ཏེ། ཚན་རིག་ཁྱབ་གདལ་གྱི་དགྱེས་སྟོན་ལ་མྱོང་རོལ་བྱས། དེའི་ཁྲོད། ཚན་པ་དང་པོ་སྟེ“དྲ་ཐོག་ནས་ཀྲུང་གོའི་གྲངས་འཛིན་ཚན་རྩལ་ཁང”ལ་བལྟ་བའི་བརྗེ་སྤོར་རྣམ་པའི་གོ་རིམ་འཆར་འགོད་དང་། རྣམ་པ་ཡོངས་ནས་ཀྲུང་གོའི་ཚན་རྩལ་ཁང་ཁྲོད་ཉར་ཚགས་བྱས་པའི་ཚན་རྩལ་འགྲེམ་རྫས་མངོན་ལ། རྒྱ་ཆེའི་མང་ཚོགས་ཀྱིསVRལག་རྩལ་གྱིས་དྲ་ཐོག་ནས་ཚན་རིག་རང་བཞིན་དང་ཤེས་བྱའི་རང་བཞིན། སྤྲོ་སྣང་རང་བཞིན་ཟུང་འབྲེལ་གྱི་འགྲེམ་སྟོན་ནང་དོན་ལ་མྱོང་རོལ་བྱས་ཆོག “མཚོ་སྔོན་ཚན་རིག་ཁྱབ་གདལ་འགྲེམ་ཁང་དྲ་ཐོག་ནས་བལྟ་བ”ཞེས་པའི་ཚན་པའི་ཁྲོད། མང་ཚོགས་ཀྱིས་དྲ་ཐོག་ནས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་དང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་། ཟི་ལིང་དོམ་ཁྲ་ཁང་སོགས་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ནས་ཚན་རིག་གི་མཛེས་པ་ལོངས་སུ་སྤྱད་ཆོག 

“སྐྱེ་ཁམས་ཚན་རིག་ཁྱབ་གདལ་སློབ་ཁྲིད”དང“ཚན་རིག་ཁྱབ་གདལ་ཚོད་ལྟ”“ཚན་རིག་འཆར་སྣང་གློག་བརྙན་འོས་སྦྱོར”བཅས་ཚན་པ་གསུམ་གྱིས་བརྙན་ཐུང་བརྒྱུད་དེ་ཀུན་གྱིས་བརྟོལ་མི་ཐུབ་པའི་ཚན་རིག་ཤེས་བྱའི་གསང་བ་ཕྱེས་ནས། ཀློག་པ་པོའི་ཚན་རིག་གི་མཚར་སྣང་བསྐོང་ཐུབ། དེ་མིན། མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་དམངས་ཡོངས་ཚན་རིག་སྤུས་ཚད་འགྲན་བསྡུར་ལས་ལོ་ཆུང་བྱིས་པ་དང་། ཞིང་བ། ཐོན་ལས་ལས་བཟོ་བ། རྒན་པ། མགོ་ཁྲིད་ལས་བྱེད་དང་གཞུང་ཞབས་པ་གཙོས། སྤྱི་ཚོགས་ཡོངས་སུ་སྒོ་འབྱེད་པ་ཡིན། ཚོགས་ཆེན་ཉི་ཤུ་བ་དང་རིམས་ནད་འགོག་སྡོམ། ཟས་རིགས་བདེ་འཇགས། ཐན་ཉུང་ཁོར་སྲུང་། གྲོང་གསེབ་དར་སྤེལ། གྲངས་འཛིན་སྤུས་ཚད། དཔལ་ཡོན་རྣམ་པ་གསར་བ། འཕྲལ་བསྟུན་ཉེན་གཡོལ། བདེ་ཐང་འཚོ་བ་སོགས་ཐད་འགྲན་བསྡུར་དྲི་བ་སྒྲིག་བཀོད་བྱས་ཏེ། ཁྱབ་ཁོངས་མི་འདྲ་བའི་འཛད་སྤྱོད་པར་ཚན་རིག་ཁྱབ་གདལ་དགོས་མཁོ་བསྐངས།

མཚོ་སྔོན་ཞིང་ཆེན་ཚན་རིག་ཁྱབ་གདལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། ཐེངས་འདིའི་བྱ་འགུལ་ཟླ9པའི་ཚེས28ཉིན་བར་སྤེལ་རྒྱུ་ཡིན་ལ། རེ་བར་བྱ་འགུལ་སྤེལ་བ་བརྒྱུད། སྔར་ལས་མང་པོའི་མིས་ཚན་རིག་ཤེས་བྱར་རྒྱུས་ལོན་དང་། ཚན་རིག་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ། ཚན་རིག་བསམ་བློ་ཆགས་པ་དང་། སྤྱི་དམངས་ཀྱི་ཚན་རིག་སྤུས་ཚད་མཐོ་རུ་བཏང་ནས། ཚན་རིག་ལ་དགའ་བ་དང་། གསར་གཏོད་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱེད་རྒྱུའི་འདོད་ཚུལ་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།