ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཞིང་ལས་སྐྱེ་དངོས་བསྡུ་ལ་རན་པའི་གཞི་ཁྱོན་བཅུ་ཆ་དྲུག་ཡན་ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཚེས19ཉིན་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་བསྡུ་ལ་རན་པའི་གཞི་ཁྱོན་མུའུ་ཁྲི526.12སླེབས་པ་དེས་འདེབས་འཛུགས་ལས་འགན་གྱི60.8%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོན་བསྡུ་བའི་ལས་དོན་ཟླ10པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་མཇུག་བསྒྲིལ་རྒྱུ་རེད།

6541926640405857828.jpg

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ཏོག་བསྡུ་ལ་རན་པའི་གཞི་ཁྱོན་ཁྲོད་འབྲུ་རིགས་མུའུ་ཁྲི307.39ཡོད་པ་དང་། སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི་157.08ཡོད། སྔོ་ཚལ་མུའུ་ཁྲི38.98ཡོད་པ་དང་། ལོ་ཏོག་གཞན་དག་མུའུ་ཁྲི22.68ཡོད། བསྐྱར་འདེབས་གཞི་ཁྱོན་མུའུ་ཁྲི16.83ཡོད་ཅིང་། དགུན་གྲོ་མུའུ་ཁྲི3.91དང་དགུན་དུས་པད་ཁ་མུའུ་ཁྲི0.73བཅས་ཡོད།

མིག་སྔར། ས་ཁོངས་ཕྱོགས་ནས་བལྟས་ན། ཆུ་མ་ས་ཁུལ་གྱི་སྟོན་བསྡུ་བའི་ལས་དོན་ཕྱོགས་ཡོངས་ནས་མཇུག་བསྒྲིལ་བ་དང་། རི་ཐང་མཚམས་སུ་སྟོན་བསྡུ་བའི་ལས་དོན་མཇུག་འགྲིལ་ལ་ཉེ། རི་མ་ས་ཁུལ་དུ་སྟོན་བསྡུ་བཞིན་པའི་སྒང་ཡིན། སྐྱེ་དངོས་ཀྱི་རིགས་བཀར་ནས་བལྟས་ན། དཔྱིད་གྲོ་དང་སྲན་མ་སྤྱིར་ན་མཇུག་བསྒྲིལ་བ་དང་། སྔོ་ཚལ་དང་ནས། རྒྱ་སྲན། པད་ཁ་བཅས་བསྡུ་བཞིན་ཡོད། ཞོག་ཁོག་དང་མ་རྨོས་ལོ་ཏོག་ཟླ10པའི་ཟླ་སྟོད་ནས་བཟུང་གཞི་ཁྱོན་ཆེན་པོས་བསྡུ་རྒྱུ་རེད།

1801796898046820358.jpg

སྟོན་བསྡུ་བའི་ལས་དོན་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་གྱི་རིམ་པ་སོ་སོའི་ཞིང་ལས་འཕྲུལ་ཆས་ལག་རྩལ་སྡེ་ཚན་གྱིས་ཞིང་ལས་འཕྲུལ་ཆས་ཁྲི37.98ཞིབ་བཤེར་བཟོ་བཅོས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ས་ཁོངས་བརྒལ་ནས་ལས་ཀ་གཅིག་གྱུར་བཀོད་གཏོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ད་ཡོད་ཀྱི་བརྔ་བསྡུའི་འཕྲུལ་འཁོར3500ལྷག་རྒྱུན་གཏན་ང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱས།

དེ་དང་ཆབས་ཅིག་མཚོ་སྔོན་གྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྡེ་ཚན་གྱིས་དགུན་གྲོ་རྒྱ་མ་ཁྲི180དང་དགུན་དུས་ཀྱི་པད་ཁ་རྒྱ་མ་ཁྲི200། རྫས་ལུད་ཏུན་ཁྲི་0.89བཀོད་སྒྲིག་བྱས་ཏེ། གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར་གྱི་ཞིབ་མཆན1676སྒྲུབ་པ་དང་། མཛུབ་ཁྲིད་ཞབས་ཞུ་ཐེངས་3200བཅས་སྤེལ་ནས། སྟོན་འདེབས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།