ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་སྟོན་དུས་ཀྱི་འབྲུ་རིགས་མཛོད་དུ་ཉར་བར་ཁག་ཐེག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་རུ་ཤེས་གསལ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་གོ་རིམ་ལྡན་པའི་ངང་མི་སྣ་སྡེབ་སྒྲིག་དང་། འཕྲུལ་ཆས་སྟོབས་ཤུགས་སྤྱད་དེ་སྟོན་བསྡུ་བྱ་བ་སྤེལ་ནས། རིམས་འགོག་དང་སྟོན་བསྡུ་གཉིས་འགོར་འགྱངས་མི་བྱེད་པ་མངོན་འགྱུར་བྱུང་། 

རྒྱུས་ལོན་པ་ལྟར་ན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་ཁྱོན་ཞིང་ལས་འཕྲུལ་ཆས1000བཏང་བ་དང་། དེའི་ཁྲོད་མཉམ་འབྲེལ་བསྡུ་ལེན་འཕྲུལ་ཆས200དང་འདྲུད་འཐེན་འཁོར་ལོ700ཡོད། འཕྲུལ་ཆས་གཞན་དག100ཡས་སྟོན་བསྡུ་ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་དང་ཐོན་སྐྱེད་ལག་རྩལ་མཛུབ་སྟོན་ཞབས་ཞུ་ཚན་ཆུང་རྩ་འཛུགས་བྱས་ཏེ། ཡུས་ཧྲུའུ་དང་ཁྲི་འདུ། འབྲི་སྟོད་སོགས་གྲོང་ཁྱེར་དང་རྫོང་དུ་སོང་ནས། རྒྱང་བསྟེན་དྲ་ཐོག་དང་ཡུལ་དངོས་ནས་སྟོན་བསྡུ་བྱ་བ་སྤེལ། 

ད་ལྟའི་བར་དུ། ཁུལ་ཡོངས་སུ་ནས་ཀྱི་སྟོན་བསྡུ་རྒྱ་ཁྱོན་སྤྱི་ཆིངས་ཁྲི0.76དང་། དཔལ་འབྱོར་འབྲུ་རིགས་ལོག་དཀར་སྤྱི་ཆིངས333། སྔོ་ཚོད་སྤྱི་ཆིངས300ལེགས་འགྲུབ་བྱས་པ་དང་། ཞིང་སའི་གཟན་རྩྭ་སྟེ་ཡུག་པོ་སྤྱི་ཆིངས་ཁྲི0.38ཡོད་པ་དང་། དེས་ཞིང་སའི་འདེབས་འཛུགས་རྒྱ་ཁྱོན་གྱི80%ཟིན། དེ་ལས་གཞན་རྩྭ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་ཁྲི1.37ཡོད། སྔོན་དཔག་བྱས་ན2022ལོར་ཁུལ་ཡོངས་ཀྱི་འབྲུ་སྣུམ་སྤྱིའི་ཐོན་ཚད་ཏུན་ཁྲི1.7ལ་སླེབས་ཤིང་། དཔལ་འབྱོར་ཐོན་ཚད་ཏུན་ཁྲི1.1ལ་སླེབས་པ་དང་། ཞིང་སའི་གཟན་རྩྭའི་ཐོན་ཚད་ཏུན་ཁྲི12ལ་སླེབས། རྩྭའི་ཐོན་ཚད་ཏུན་ཁྲི26.9ལ་སླེབས།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།