ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9པའི་ཚེས20ཉིན།  མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས13པ་བསྡུས་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ལི་ཅའེ་ཞང་ཏང་ཁོངས་ནས་ཕུད་པ་དང་། གཞུང་གཉེར་ལས་རྐང་ནས་ཕྱིར་ཕུད་པའི་ཐག་གཅོད་ཡོངས་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་མགོ་འཛིན་བྱས། 

གྲོས་ཚོགས་ཀྱིས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ལི་ཅའེ་ཞང་ཏང་ཁོངས་ནས་ཕུད་པ་དང་། གཞུང་གཉེར་ལས་རྐང་ནས་ཕུད་པའི་ཆད་གཅོད་ཐག་གཅོད་ལ་ཆོག་མཆན་གནང་བ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཡིད་ཆེས་དང་ཕུགས་འདུན་བརྟན་པོ་མངོན་པ་མ་ཟད། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་རྒོལ་བའི་གནད་དོན་ལ་གུ་ཡངས་ཅི་ཡང་མེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་འཐབ་རྩོད་བྱེད་པའི་རྣམ་འགྱུར་དང་ཆོད་སེམས་མངོན་ལ། ང་ཚོའི་ཏང་གིས་རང་ཉིད་གསར་བརྗེ་དང་གཞི་གདངས་གཙོ་བོས་དུས་ཡུན་རིང་བོར་མཐའ་སྐྱོང་བའི་ནུས་པ་མངོན་ཡོད་པར་འདོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་ཐག་གཅོད་ལ་སྲུང་སྐྱོང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་ལ་སྲུང་སྐྱོང་བྱེད་རྒྱུའི་འདོད་ཚུལ་བསྟན། 

གྲོས་ཚོགས་ལས་བསྟན་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”མཐོར་འདེགས་སུ་གཏོང་བ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཏང་གཤིས་གསོ་སྐྱོང་དང་། སྲིད་གཙང་རང་གཅུན་དེ་མཐའ་མའི་ཁྲིད་གཞིར་རྒྱུན་འཁྱོངས་བྱས་ཏེ། ཏང་ལ་བློ་དཀར་བ་དང་། ཡིད་ཆེས་དང་ཕུགས་འདུན་བརྟན་པོ། གཟབ་ནན་གྱིས་དབང་ཆ་སྤྱོད་པ། སྤྱོད་སྟངས་ཁྱིམ་སྲོལ་ལ་རྒྱུན་པར་དག་བཅོས་བྱས་ནས། ཀུན་སྤྱོད་དང་སྒྲིག་སྲོལ་ཇེ་དྲག རུལ་སུངས་ལ་རྒོལ་བ། མི་གཞུང་དྲང་ཞིག་བཅས་བྱས་ནས། གུང་ཁྲན་ཏང་མིའི་སྲིད་གཙང་གི་ངོ་བོར་སྲུང་སྐྱོང་བྱེད་དགོས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གཟབ་ནན་གྱི་གཞི་གདངས་མཐའ་འཁྱོངས་ཀྱིས། ཏན་ཏིག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་དང་། “གཟབ་གསུམ་རྣལ་གསུམ”གྱི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་ཆབ་སྲིད། སྤྱོད་སྟངས། སྒྲིག་ཁྲིམས་བཅས་ཀྱི་ཐད་ཁྱོན་ཡོངས་ནས་གཟབ་ནན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་རང་གཅུན་དང་། ཏང་གི་སྒྲིག་སྲོལ་གྱིས་རང་གཅུན་བྱས་ནས། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་ལག་བསྟར་ནན་མོ་བྱེད་དགོས། །  

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།