ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཟླ9པའི་ཚེས18ཉིན་གྱི་མཚོ་སྔོན་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ།

ཡོང་ཁུངས། : མཚོ་སྔོན་འཕྲོད་བསྟེན་དང་བདེ་ཐང་།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་ཟླ9པའི་ཚེས18ཉིན་གྱི་ཆུ་ཚོད0ནས24བར་དུ། མཚོ་སྔོན་ཞིང་ཆེན་དུ་པྲོག་གསར་གློ་ཚད་ཀྱི་ནད་པ་གསར་བ་བྱུང་མེད་ལ། ནད་པ1དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད། ད་ལྟ་གནས་གཏན་སྨན་ཁང་དུ་ལོགས་བཀར་གསོ་བཅོས་བྱེད་བཞིན་པའི་ནད་པ17ཡོད། གསར་དུ་བྱུང་བའི་རང་སའི་ནད་རྟགས་མེད་པའི་ནད་པ2(མཚོ་ནུབ་ཁུལ)ཡོད་ལ། མི32གསོ་རིག་ལོགས་བཀར་ལྟ་ཞིབ་ལས་གྲོལ་ཞིང་། མི523ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་བཞིན་ཡོད།

ཟླ9པའི་ཚེས18ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་ཡོངས་སུ་ད་ལྟ་རང་སའི་ནད་རྟགས་ཐག་བཅད་པའི་ནད་པ17དང་རང་སའི་ནད་རྟགས་མེད་པའི་ནད་པ523ཡོད།

ཟླ9པའི་ཚེས18ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་རང་སའི་ནད་རྟགས་ཐག་བཅད་པའི་ནད་པ236ཡོད་ལ། བསྡོམས་པས་ནད་པ216དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།