མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་ཨང་དང་པོར་ལོ་བཅུའི་ནང་མ་དངུལ་སྒོར་དུང་ཕྱུར107བཏང་སྟེ་དམངས་ཕན་གྲུབ་འབྲས་མངོན་གསལ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་ཨང་དང་པོ་ཞེས་འབོད་པའི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ལ་ལོ་བཅུའི་རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར107བཏང་སྟེ། ལས་གཞིའི་རྣམ་གྲངས་བྱེ་བྲག་རིམ་བཞིན་འཛུགས་སྐྲུན་དང་ལེགས་འགྲུབ་འབྱུང་བཞིན་ཡོད།

ཤེས་གསལ་ལྟར་ན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ནི་བཞུར་རྒྱུད་བརྒལ་བའི་ཆུ་འདྲེན་ལས་གཞི་ཆེན་པོ་ཞིག་ཡིན་ཞིང་། ཤེས་རིག་གི་གནད་ཁེལ་འདྲེན་གཏོང་བྱས་པ་བརྒྱུད། མཚོ་སྔོན་གྱི་ཙོང་ཆུ་བྱང་ངོགས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་མུའུ་ཁྲི100ཡི་ཞིང་ནགས་ཆུ་འདྲེན་དང་བཟོ་ལས། སྐྱེ་ཁམས་ཐད་ཀྱི་ཆུ་བཀོལ་སྤྱོད་བྱེད་པའི་གནད་དོན་ཐག་བཅད་དེ། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་དང་ཐུན་མོང་འབྱོར་ཕྱུག རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཆུའི་ཐོན་ཁུངས་འདེགས་སྐྱོར་དང་ཆུའི་སྐྱེ་ཁམས་འགན་སྲུང་འདོན་སྤྲོད་བྱ་རྒྱུ་རེད།

LOCAL1663467323086M4RCEH7NQE.png

པར་འདི་ནི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་བྱེ་བྲག་གི་རྣམ་གྲངས་ཏེ་མ་ཡུར་ནུབ་མའི་སྟོང་སྨི1331ལས་གཞི་ཡི་ཝ་ཡུར4བ་ཡིན།

LOCAL1663467341866OPSKTNVNBS.png

པར་འདི་ནི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་བྱེ་བྲག་གི་རྣམ་གྲངས་ཏེ་མ་ཡུར་བྱང་མའི་དུས་རིམ་གཉིས་པའི་སྟོང་སྨི3.61ཡི་ལས་གཞི་ཡིན།

LOCAL1663467362140MFIXMPMDSU.png

པར་འདི་ནི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་བྱེ་བྲག་གི་རྣམ་གྲངས་ཏེ་རྡོ་འགག་ཆུ་མཛོད་ཡིན།

LOCAL16634673784780FDKQIQR2T.png

པར་འདི་ནི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་བྱེ་བྲག་གི་རྣམ་གྲངས་ཏེ་ཆུ་འདྲེན་སྤྱིའི་མ་ཡུར་གྱི་ལས་གཞི་ཡིན།

LOCAL1663467396238K4KB07PVIM.png

པར་འདི་ནི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་བྱེ་བྲག་གི་རྣམ་གྲངས་ཏེ་མ་ཡུར་བྱང་མའི་དུས་རིམ་དང་པོའི་ལས་གཞི་ཡིན།

LOCAL16634674136616FJNEQYQ49.png

པར་འདི་ནི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་ཆུ་མིག་ནག་པོའི་ཆུ་མཛོད་ཡིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།