ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་དྲ་ཐོག་གི་སློབ་ཁྲིད་སྤྱད་དེ་མེ་ཟོན་བདེ་འཇགས་ཀྱི“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”རྒྱ་ཁྱབ་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སློབ་མ་ཚོའི་མེ་ཟོན་བདེ་འཇགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། སློབ་མའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ས་གནས་ཁག་གི་སློབ་གསོའི་སྡེ་དག་དང་འབྲེལ་མཐུད་བྱས་ནས་དྲ་ཐོག་གི་མེ་ཟོན་བདེ་འཇགས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”སློབ་ཁྲིད་བྱས། 

བསྟུད་མར་ཉིན་འགའི་རིང་། རིམ་པ་སོ་སོའི་མེ་ཟོན་དཔུང་ཁག་གིས་དུས་ཐོག་ཏུ་མེ་ཟོན་བདེ་འཇགས་ཀྱི་སློབ་གསོའི་སློབ་ཚན་གྲ་སྒྲིག་བྱས་ནས། རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་འབྲེལ་གཏུག་བྱས་ཏེ། བརྙན་ལམ་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ། ས་ཁུལ་སོ་སོས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ཁྱིམ་བདག་ཚོར་ནང་དོན་ཕུན་སུམ་ཚོགས་ལ་དོན་དངོས་དང་མཐུན་པའི་མེ་ཟོན་བདེ་འཇགས་ཀྱི་རྒྱུན་སྲོལ་སློབ་ཁྲིད་བྱས། སློབ་ཁྲིད་ཁྲོད་དུ་སྒྲོག་འགྲེལ་མི་སྣས་སློབ་མ་ཚོར་སློབ་གྲྭའི་མེ་ཟོན་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་དང་། དངོས་པོ་འབར་རྗེས་ཀྱི་གཞི་རྩའི་ཆོས་ཉིད་དང་དེ་བཞིན་མེ་སྐྱོན་ཤོར་རྗེས་ཀྱི་བྲོས་བྱོལ་ཡང་དག་བྱེད་པའི་བྱ་ཐབས་བཅས་ཞིབ་ཕྲའི་ངང་འགྲེལ་བཤད་བྱས། དེ་ལས་གཞན། ད་དུང་སློབ་མ་ཚོར་རིམས་ནད་ཀྱི་རྐྱེན་གྱིས་ཁྱིམ་དུ་འདུག་པའི་སྐབས་སུ་གློག་ཆས་དང་མེ་གང་བྱུང་དུ་མི་སྤྱོད་པ་དང་། ཉེན་ཁ་ཆེ་བའི་བྱ་སྤྱོད་མི་སྤེལ་བ་སོགས་ཀྱི་དྲན་སྐུལ་བྱས། 

ས་གནས་སོ་སོས་ཁོངས་གཏོགས་ཁུལ་གྱི་ཁང་ཕྱིའིLEDབརྙན་ཤེལ་དང་། ཐོག་ཁང་གི་བརྙན་འཕྲིན། གློག་སྐས་བརྡ་ཁྱབ། སྒེའུ་ཁུང་སོགས་སྤྱད་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་དྲིལ་སྒྲོག་བྱེད་པར“ས་ཆ་གཅིག་ཀྱང་མི་ལུས་པ་དང་ཁྱོན་ཡོངས་ལ་ཁྱབ་པར”རྨང་གཞི་བཟང་པོ་བཏིངས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།