མཚོ་ནུབ་ཁུལ་དུ་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གྱི་མི་སྣ2བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་སྡོམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2022ལོའི་ཟླ9བའི་ཚེས17ཉིན་གྱི་དུས་ཚོད0ནས24བར། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དུ་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གྱི་མི་སྣ2བྱུང་བ་དང་། ནད་རྟགས་མེད་པའི་ནད་པ་རེད། མི་སྣ་དེ་གཉིས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ནས་སྐྱེལ་ཡོང་བའི་ས་མཚམས་བརྒལ་བའི་མི་སྣ་ཡིན་པ་དང་། ད་ལྟ་གནས་གཏན་སྨན་ཁང་དུ་བསྐྱལ་ཟིིན།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།