ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་རྨ་ཆུའི་འབབ་རྒྱུད་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་འཚོང་མནའ་འབྲེལ་ནང་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན་གསར། ཟླ9པའི་ཚེས16ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་ཤིན་ཀྲིན་གྲོང་ཁྱེར་སོགས་ལ《རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ས་ཁོངས་བརྒལ་བའི་མཉམ་ལས་གྲོས་མཐུན》བཞག་པས། དེའི་སྟེང་ནས་ཟི་ལིང་རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ས་ཁོངས་ལས་བརྒལ་བའི་མཉམ་ལས་མནའ་འབྲེལ་ནང་དངོས་སུ་ཞུགས་པ་མཚོན་པ་དང་། རྗེས་ཕྱོགས་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན(ཆུས)དང་མཐུན་སྦྱོར་མཉམ་འདྲེས་ལ་ཤུགས་བསྣན་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་འཚོང་ས་ཁོངས་བརྒལ་བའི་མཉམ་འབྲེལ་མངོན་འགྱུར་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མནའ་འབྲེལ་དེ་ནི་ཞིང་ཆེན(གྲོང་ཁྱེར)རིམ་པ39ཡི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ལས་གྲུབ་པ་དང་། ས་གནས་སོ་སོའི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་ལ་བརྟེན་ནས་གཅིག་གྱུར་གྱི་ཡིད་རྟོན་ཚད་གཞི་ལག་བསྟར་དང་། ཞིང་ཆེན་དང་གྲོང་ཁྱེར་ལས་བརྒལ་བའི་ས་ཁོངས་མང་པོར་རྒྱང་རིང་དང་ཡུལ་གཞན་དུ་འོས་སྐུལ་མཉམ་ལས་བྱས་པ་བརྒྱུད། དཔྱད་དཔོག་ཆེད་མཁས་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རིམས་ནད་སོགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཉོ་ཚོང་ཞབས་ཞུར་ཁ་གཏོད་པ་དང་ཆབས་ཅིག མཐའ་བྱུང་གི་ཚད་གཞིའི་གནད་དོན་ལས་གཡོལ་གང་ཐུབ་བྱས་ཏེ། མནའ་འབྲེལ་ནང་གི་མ་དངུལ་གཏོང་མཁན་ཡིད་རྟོན་མཉམ་སྤྱོད་མངོན་འགྱུར་བྱས་ཡོད། མནའ་འབྲེལ་བཙུགས་པ་དེས་མནའ་འབྲེལ་ཁོངས་མིའི་དབར་སྤེལ་རེས་གཏིང་ཟབ་དང་སྐྱོན་སྤངས་དགེ་སྒྲུབ་བྱས་ཏེ་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད། མནའ་འབྲེལ་ནང་ཞུགས་རྗེས། ཟི་ལིང་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ཐོག་མའི་འཆར་གཞི་ལྟར་ན། ད་ལོར་ཀན་སུའུ་དང་ཧོ་ནན་སོགས་ས་ཁུལ་དང་གྲོང་ཁྱེར་སྐོར་གཅིག་གི་འཛུགས་སྐྲུན་བཟོ་གྲྭའི་ས་ཁོངས་བརྒལ་བའི“ཡུལ་གཞན་གྱི་དཔྱད་བསྡུར”མངོན་འགྱུར་བྱ་རྒྱུ་དེ་རེད།

རྗེས་ཕྱོགས། ལྟེ་གནས་འདིས་གོ་སྐབས་འདི་དམ་འཛིན་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གཞི་གཅིག་ཅན་གྱི་མཉམ་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། ལས་སྟེགས་ཉོ་ཚོང་ཁྱོན་ཡོངས་ལ་ཁྱབ་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། རིགས་དབྱེའི་གཅིག་གྱུར་གྱི་ཉོ་ཚོང་ལམ་ལུགས་ཀྱི་སྒྲིག་སྲོལ་དང་། ལག་རྩལ་ཚད་གཞི། གཞི་གྲངས་ཚད་ལྡན་བཅས་འཐུས་ཚང་དུ་གཏོང་བ། ཉོ་ཚོང་ལྟ་སྐུལ་དོ་དམ་སྒྲིག་སྲོལ་གསར་གཏོད། སྤྱི་པའི་ཐོན་ཁུངས་ཀྱི་ཀུན་གསལ་ཉོ་ཚོང་ལ་སྐུལ་འདེད། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལས་ཕྱོད་དང་གཞུང་དྲང་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ས་ཁོངས་ལས་བརྒལ་བའི“ཡུལ་གཞན་གྱི་དཔྱད་འདེམས་ཚད་གཞིའི”ཚོང་གཉེར་ཁོར་ཡུག་བཟང་པོ་མངོན་འགྱུར་བྱེད་པ་བརྒྱུད། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།