ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དབྱར་གནང་སྐབས་སུ“ལྗང་མྱུག་ལ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ”བྱེད་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་ནས་ཁྲིམས་འགལ་ལས་ཁུངས48ལ་ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དབྱར་གནང་སྐབས་སུ“ལྗང་མྱུག་ལ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ”བྱེད་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་བར། བསྡོམས་པས་རིམ་པ་དང་རིགས་མི་འདྲ་བའི་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ཏེ་བཅོས་སྐྱོང་ཐེངས110ལྷག་སྤེལ་བ་དང་། རིགས་སོ་སོའི་ལས་ཁུངས(ཐེངས)1700ལྷག་ལ་གྲལ་བཤེར་བྱས་ལ། ཁྲིམས་འགལ་ལས་ཁུངས48ལ་ཞིབ་བཤེར་ཐག་གཅོད་བྱས།

དབྱར་གནང་གི་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་རིམ་པ་དང་རིགས་མི་འདྲ་བའི་སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་བཅོས་སྐྱོང་ཐེངས110ལྷག་སྤེལ་བ་དང་མི(ཐེངས)850ལྷག་མངག་གཏོང་བྱས་ཏེ། རིགས་མི་འདྲ་བའི་ལས་ཁུངས(ཐེངས)1700ལྷག་ལ་གྲལ་བཤེར་བྱས་པ་དང་། ཁྲིམས་འགལ་ལས་ཁུངས48དང“དཔང་ཡིག་དང་ཆོག་ཡིག་མི་ཚང་བའི”ལས་ཁུངས52། སྒྲིག་འགལ་སྒོས་སྦྱང་ཚན་རིགས་ཀྱི་གསོ་སྦྱོང་སྤེལ་བའི་ལས་ཁུངས31བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མེད་པར་གཏོང་བའི་བརྡ་ཐོ33དང་དག་ཐེར་ལེགས་བཅོས་ཀྱི་བརྡ་ཐོ23བསྒྲགས། རིམ་བསགས་ཀྱིས་སྒོར་ཁྲི53.283ཕྱིར་བསློགས་པ་དང་། ལས་སྒྲུབ་མི་སྣ66ལ་ལས་མཚམས་འཇོག་པའི་སླད་འདོམས་ཁ་ཏ་བྱས། སློབ་མ948ལ་ཁ་ཏ་བྱས་ནས་གསོ་སྦྱོང་སློབ་གྲྭ་དང་ཁ་འབྲལ་དུ་བཅུག སྒྲིག་འགལ་སྒོ་བྱང18མེད་པར་བཟོས་པ་དང་། སྒྲིག་འགལ་ཚོན་རིས་བརྡ་ཁྱབ3373དང་དྲིལ་སྒྲོག་འཕྲེད་ཡིག6། སློབ་ཁྲིད་བྱེད་ཆས4དང་སྒྲིག་འགལ་སློབ་དེབ417བཅས་རྩིས་ལེན་བྱས།

རང་ཞིང་གིས“ལྗང་མྱུག་ལ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ”བྱེད་པའི་ཆེད་དམིགས་འགུལ་སྐྱོད་དེ་གནད་འགག་གི་གོ་སྐབས་ཤིག་ཏུ་བརྩིས་ནས། སྦྱང་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་བཅོས་སྐྱོང་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད། “བསྐྱར་འབྱུང་སྔོན་འགོག་དང་རྒྱུད་འགྱུར་སྔོན་འགོག ངོ་བོ་འགྱུར་བ་སྔོན་འགོག ཁྱབ་མཆེད་འབྱུང་བ་སྔོན་འགོག ཉེན་ཁ་སྔོན་འགོག”བཅས་ནས་མགོ་བརྩམས་ཏེ། སྦྱང་ཚན་རིགས་ཀྱི་གསོ་སྦྱོང་སྤེལ་བའི་ལས་ཁུངས་ཀྱི་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྦྱང་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་བསྐྱར་འཛུགས་དང་ངོ་བོ་འགྱུར་བ་འགོག་ཟོན་ནན་མོ་བྱེད་རྒྱུ། ས་གནས་སྲིད་གཞུང་གི་འགན་འཁྲི་དངོས་འབེབས་དང་། སྲང་ལམ་དང་སྡེ་ཁུལ་དང་མི་དམངས་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། “ཁྲིམས་འགལ་ལས་ཁུངས”དང“མངོན་མིན་རྒྱུད་འགྱུར”སོགས་སྦྱང་ཚན་རིགས་ཀྱི་གསོ་སྦྱོང་གནད་དོན་དུས་ཐོག་ཏུ་གསར་རྙེད་བྱུང་སྟེ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྡེ་ཁག་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་འབྲེལ་ཁྲིམས་འཛིན་སྤེལ་ནས། སྒྲིག་འགལ་སྒོས་སྦྱང་ཚན་རིགས་ཀྱི་གསོ་སྦྱོང་སྒྲུབ་པའི་བྱ་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ།

དེང་ཕྱིན། རང་ཞིང་གི་སློབ་གསོ་སྡེ་ཁག་གིས《སློབ་གསོའི་ལྟ་སྐུལ་སློབ་སྟོན་ཐད་ཀྱི་འགན་འདྲི་བྱེད་ཐབས》ལག་བསྟར་ནན་མོ་བྱས་ཏེ། སློབ་ཕྱིའི་གསོ་སྦྱོང་ལ་བཅོས་སྐྱོང་བྱེད་པ་དེ་སློབ་གསོ་ལྟ་སྐུལ་སློབ་སྟོན་གྱི་ཁྱབ་ཁོངས་སུ་བསྡུ་རྒྱུ་དང་། ལྟ་སྐུལ་ཞིབ་བཤེར་དང་འགན་འདྲི་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་ཕྱིར་སློག་ལམ་ལུགས་འཛུགས་པ་དང་། ཁ་བརྡ་བྱེད་པ་དང་བརྡ་ཁྱབ་གཏོང་བ། ཉེས་ཆད་གཅོད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། རིམ་པ་བཞིན་དུ་བྱ་བའི་འགན་འཁྲི་ནན་གཅགས་བྱེད་རྒྱུ་ཡིན་ལ། བྱ་བ་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་གནད་སར་མ་འབྱོར་བ་དང་བཅོས་སྐྱོང་ཕན་འབྲས་ཞན་པའི་ས་ཁུལ་དང་ལས་ཁུངས། མི་སྒེར་བཅས་ལ། འགན་འདེད་དང་འགན་འདྲི་ནན་མོ་བྱེད་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་སྟེ། དཔེ་མཚོན་དུ་རུང་བའི་གནད་དོན་དག་སྤྱི་བསྒྲགས་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།