ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་དབྱར་ཁའི་བདེ་སྲུང་གི“ཉིན་བརྒྱའི་འགུལ་སྐྱོད”སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཁའི་བདེ་སྲུང་གི“ཉིན་བརྒྱའི་འགུལ་སྐྱོད”སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པའི་བྱ་བ་སོ་སོར་གཅིག་གྱུར་འཆར་འགོད་བྱས་ནས། “ཉེན་ཁར་འགོག་ཟོན་དང་མངོན་མེད་རྐྱེན་ངན་བསལ་བ། གྱོད་དོན་ཇེ་ཉུང་། བདེ་འཇགས་སྲུང་བ”བཅས་ཀྱི་ཆེད་དམིགས་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ་དང་། བདེ་སྲུང་གནད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་འགག་སྒྲོལ་དང་སེལ་བར་བྱས་པ་དང་། སྐོར་ཞིབ་འགོག་སྡོམ་ཇེ་དྲག་དང་རྡུང་རྡེག་དང་གྱོད་དོན་སྒྲུབ་ཚད་ཇེ་མང་དུ་བཏང་བ་དེས། ཞིང་ཆེན་ཡོངས་ཀྱི་ཉེས་དོན་གྱོད་གཞི་དང་བདེ་སྲུང་གྱོད་གཞི། “རིགས་བརྒྱད”གྱོད་དོན་བྱུང་ཚད་དུས་མཉམ་ལས་སོ་སོར9.2%དང15.32%། 2.56%གིས་མར་ཆག་པར་བྱས་པས། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་ནུས་ལྡན་ཐོབ་པ་དང་། སྤྱི་ཚོགས་བདེ་སྲུང་གི་གནས་སྟངས་ཆེན་མོ་རྒྱུན་མཐུད་ངང་བརྟན་བརླིང་ཡོང་བར་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོང་ཐོབ་ཡོད།

ད་ལོའི་དབྱར་ཁའི་ཚུན་དུ། རང་ཞིང་གི་སྤྱི་བདེ་ལས་ཁུངས་ཀྱིས“ཉིན་བརྒྱའི་འགུལ་སྐྱོད”དང་ཟུང་འབྲེལ་སྒོས། གྲོང་ཁྱེར་དང་ཞིང་སྡེ། འབྲོག་ཁུལ་གྱི་སྤྱི་ཚོགས་བདེ་སྲུང་ཁྱད་ཆོས་ལ་དམ་པོར་སྦྲེལ་བ་དང་། གཞུང་ལས་དཔེ་དབྱིབས་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱས་ལ། སྤྱི་བདེ་དང་དྲག་ཆས་ཉེན་རྟོག་པའི་གཞུང་སྒྲུབ་མཉམ་ལས་སྐོར་ཞིབ་སོགས“ནང་རྐྱེན་བཞི”དང“135”མགྱོགས་མྱུར་ལན་སློག་ནང་རྐྱེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། ཉིན་རེར་ཆ་སྙོམས་ཀྱིས་སྐོར་ཞིབ་ཚོགས་པ51རེ་མངག་གཏོང་བྱས་ལ། ལས་རེས་ས་ཚིགས243དང་ངེས་པར་སྐོར་ཞིབ་བྱེད་དགོས་པའི་ལམ་ཐིག360བཀོད་སྒྲིག་བྱས་པ་དང་། ཉེན་རྟོག་མི་སྣ(ཐེངས)ཁྲི5ལྷག་འགུལ་སྐྱོད་བྱས་ཏེ། རིམ་བསགས་ཀྱིས་རིམ་པ་སོ་སོའི་མཚན་མོའི་སྐབས་ཐོག་ཞིབ་བཤེར་འགུལ་སྐྱོད་མི་འདྲ་བ་ཐེངས1292སྤེལ།

“ཉིན་བརྒྱའི་འགུལ་སྐྱོད”ཁྲོད། རང་ཞིང་གི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་ཁའི་དངོས་ཟོག་ལ་འགུལ་རྣམ་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། བསྡོམས་པས་རིགས་སོ་སོའི་ཁྲིམས་འགལ་མེ་མདའ196དང་མདེའུ21658། འགད་རྫས་སྤྱི་རྒྱ192.95། མེ་འདྲེན་སྦུ་གུ1127། རྩིས་སྤྲོད་དོ་དམ་བྱས་པའི་གྲི་ཆས140བཅས་རྩིས་ལེན་བྱས་པ་དང་། སྣུམ་སྣོན་ས་ཚིགས751ལ་དངོས་མིང་ཐོ་འགོད་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། “འབོར་འཕྲི་རགས་འཛིན”ཆེད་དམིགས་བྱ་བ་རྒྱུན་ཆད་མེད་པར་སྤེལ་བ་དང་། བགྲོད་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལམ་ངོས་སྒྲིག་ལམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ལ། བསྡོམས་པས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་མི་འདྲ་བ་ཁྲི5ལྷག་ཡུལ་དངོས་ནས་ཞིབ་བཤེར་ཐག་གཅོད་བྱས་ཏེ། བགྲོད་ལམ་ཁོར་ཡུག་ནུས་ལྡན་སྒོས་ལེགས་བསྒྱུར་བྱས།

དེ་དང་ཆབས་ཅིག འགལ་ཟླའི་རྩོད་གླེང་གྲལ་བཤེར་འདུམ་འགྲིག་བྱ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་པས། འདུམ་འགྲིག་བྱས་ཚད97%ལ་སླེབས་ཡོད། ཡིག་བསྐུར་ངོ་གཏུག་གི་གནད་དོན་འབུར་ཐོན་གཅིག་བསྡུས་སྒོས་འདུམ་འགྲིག་བྱེད་པའི“ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད”གཏིང་ཟབ་ཏུ་སྤེལ་བ་དང་། ཡིག་བསྐུར་ངོ་གཏུག་གི་གྱོད་མང་ཐག་གཅོད་བྱེད་པའི་བྱ་བ་ཏན་ཏིག་གིས་སྤེལ་བས། སྡེ་ཁག་སོ་སོས་བསྒྲུབ་རྒྱུར་སྤྲད་པའི་ཡིག་བསྐུར་ངོ་གཏུག་གྱོད་དོན་ཡོངས་རྫོགས་ཐག་གཅོད་བྱས་ཚར།

འཆལ་སྤྱོད་དང་རྒྱན་འགྱེད་སོགས་དང་འབྲེལ་བའི་གྱོད་དོན་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་འགུལ་སྐྱོད་རྒྱུན་ཆད་མེད་པར་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་བདེ་སྲུང་སྡེ་ཁག་རྩ་འཛུགས་བྱས་ནས་གཅིག་གྱུར་སྒོས“ལས་རིགས་ཉེན་སེལ”དང“བཙོག་སྐྱོན་གཙང་སེལ”བྱེད་པའི་འགུལ་སྐྱོད་སྤེལ་ནས། ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་མྱུར་མོར་རྡུང་རྡེག་ནན་མོ་བཏང་ནས། བསྡོམས་པས་རྐུ་འཕྲོག་བསླུ་གསུམ་གྱི་གྱོད་དོན343རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན344འཛིན་བཟུང་བྱས། རྒན་གསོ་མགོ་བསྐོར་ཉེས་བསགས་ཚོགས་ཁག2བཅོམ་པ་དང་། དོགས་ཡོད་ཉེས་ཅན33འཛིན་བཟུང་བྱས་ལ། བསླུས་དངུལ་སྒོར་ཁྲི501ཕྱིར་འཐེན་བྱས། དུག་འགོག་སྔོན་འགོག་དྲིལ་སྒྲོག་སློབ་གསོ་བྱ་བ་རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱ་ཁྱབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། དུག་འབྲེལ་གྱོད་གཞི6རྩད་ཆོད་ལ། སྤྱི་ཚོགས་བདེ་སྲུང་ཁོར་ཡུག་ནུས་ལྡན་སྒོས་ལེགས་བསྒྱུར་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།