ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྐབས11པའི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས11པའི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་གནང་བ་དང་དུས་ཡུན་ཟླ3རེད། མཚོ་སྔོན་ཞིང་ཆེན་གྱི་ཁུལ(གྲོང་ཁྱེར)སོ་སོ་དང་དེ་བཞིན་ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ལས་ཁུངས་སོ་སོའི་རྫོང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཞོན་པ40གཅིག་སྡུད་སྒོས་གསོ་སྦྱོང་ནང་ཞུགས།

གསོ་སྦྱོང་སྐབས་སུ། སློབ་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བཅས་དང་། དེ་བཞིན་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་རྒྱལ་སྲུང་སློབ་གསོ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རུལ་རྒོལ་གཙང་སེལ་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཚན་ཆུང་ཞིབ་འཇུག་དང་ཞིབ་ཀློག་མཉམ་སྤྱོད། སློབ་མའི་གླེང་སྟེགས། བསམ་པའི་འཆར་སྒོའི་ཉིན་ཐོ་འབྲི་བ། སློབ་སྦྱོང་གྲུབ་འབྲས་ཀྱི་རྩོམ་ཡིག་འབྲི་བ་སོགས་ཀྱི་སློབ་སྦྱོང་བྱ་ཐབས་སྤྱད་དེ་སློབ་མ་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་གཞི་རྩའི་ལྟ་བ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཡང་དག་པར་ཁོང་དུ་ཆུད་པར་སྣེ་ཁྲིད་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། གཞོན་ནུ་ལས་བྱེད་པ་ཚོས་ཧུར་ཐག་གིས་རང་འགུལ་ངང་འདུ་ཤེས་མཐོ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོ་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།