ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (2022ལོའི་ཨང44པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུས་ཧྲུའུ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(2022ལོའི་ཨང44པ)

ཟླ9པའི་ཚེས7ཉིན་གྱི་ཆུ་ཚོད0ནས24བར་དུ། ཡུས་ཧྲུའུ་ཁུལ་དུ་ནད་རྟགས་མེད་པའི་ནད་པ7ཇེ་མང་དུ་སོང་། དེ་དག་ཚང་མ་ནང་ཆེན་རྫོང་གི་གཅིག་བསྡུས་ལོགས་བཀར་ཚོད་འཛིན་ཁྲོད་ནས་ཤེས་རྟོགས་བྱུང་བ་ཡིན་ལ། ད་ལྟ་ཚང་མ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། 

མིག་སྔར་ནང་ཆེན་རྫོང་གི་རིམས་ནད་འགོག་སྡོམ་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱས་ཡོད། གྲོང་ཁྱེར་དང་རྫོང་གཞན་དག་གི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱས་པ་རེད།

རྒྱ་ཆེའི་མང་ཚོགས་ཀྱིས་མུ་མཐུད་དུ་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་དང་རིམས་འགོག་དོ་དམ་ལ་གཞོགས་འདེགས་བྱས་ཏེ། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པར་ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། སྨི་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་འཇལ་ཨང་བཤེར་སོགས་ཀྱི་འགོག་སྲུང་རེ་བ་ལག་བསྟར་བཟང་བོ་བྱས་ཏེ།  བདེ་འཇགས་ཀྱི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གལ་སྲིད་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ། ཟུངས་ཟད་པ། སྣ་དབང་ཉམས་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་བརྟག་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས།

ཡུས་ཧྲུའུ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ9པའི་ཚེས8ཉིན།     

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།