ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་རིམས་ནད་འགོག་སྡོམ་དང་གཞུང་ལམ་གྱི་འབྲུབ་འགོག་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ8པའི་ཟླ་དཀྱིལ་ནས་བཟུང་གྲོང་ཁྱེར་དང་ཁུལ་མང་པོར་སྔ་རྗེས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་དང་། དེ་བཞིན་ཁྱབ་ཁོངས་ཆེ་བའི་ཆར་པ་ཆེན་པོ་ཐེངས་མང་བབས་པས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་མང་པོར་གནོད་འཚེ་ཕོག་པའི་གནས་ཚུལ་ལ་དམིགས་ཏེ། ཞིང་ཆེན་གཞུང་ལམ་ཅུའུ་ཡིས“གཞུང་ལམ་ཞིག་གསོ་དང་ཤར་གཏོང་འགན་ལེན་བྱེད་པ”མཐའ་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་གཞུང་ལམ་བདག་སྐྱོང་དོ་དམ་ལས་དོན་ཁྱོན་ཡོངས་ནས་གཅིག་འདོམས་བྱས་ཏེ། འབྲུབ་འགོག་དང་རིམས་ནད་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ། 

ཞིང་ཆེན་གཞུང་ལམ་ཅུའུ་ཡིས་ཏང་ཡོན་འཕྲལ་རྒོལ་རུ་ཁག37དང་། ཏང་ཡོན146གིས་གདོང་ལེན་ལས་གནས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུ་བཀོད་སྒྲིག་བྱས་པ་དང་། ཏང་ཡོན200ལྷག་གིས་རང་འགུལ་ངང་སྡེ་ཁུལ་དུ་བསྐྱོད་དེ་ཉིང་སྐྱུར་བརྟག་དཔྱད་དང་སྒྲིག་ལམ་སྲུང་སྐྱོང་། མི་སྣ་ཐོ་འགོད་སོགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་རོགས་བྱས། དེ་དང་ཆབས་ཅིགS202ལམ་ཐིག་ཆེན་པོའི་བསྒྱུར་བཀོད་ལས་གཞི་སོགས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གྱི་མི་སྣར་གྲལ་བཤེར་དང་། ཡུལ་དངོས་ཀྱི་དུག་སེལ། བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་མི་བྱེད་པ་དང་ལས་གཞིའི་འཛུགས་སྐྲུན་མཚམས་མི་འཇོག་པར་འགན་ལེན་བྱས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།