ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་ནུབ་རྒྱུད་འཇོན་མིའི་གསར་སྤེལ་ཐེབས་རྩ་ཚོགས་པ་དང་། ཀྲུང་གུང་མཚོ་སྔོན་ཏང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ(མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང)གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་མཐོ་རིམ་གླེང་སྟེགས”པེ་ཅིང་དུ་བསྡུས། 

གླེང་སྟེགས་ཀྱི་བརྗོད་དོན་སྙན་ཞུའི་གོ་རིམ་དུ། སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་མགོ་ཁྲིད་དང་ཆེད་མཁས་པ་ལྷན་དུ་འཛོམས་ནས་ཐབས་འདོན་ཇུས་འབུལ་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་སྲུང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲིད་ཇུས་འདུ་ཤེས། གཞུང་ལུགས་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་ཐད་ནས་བསམ་བློ་བརྗེ་རེས་བྱས།གླེང་སྟེགས་ཀྱི་གོ་རིམ་དུ། འཐུས་མི་ཚོས་ད་ལྟ་གཙང་གསུམ་འབྱུང་ཡུལ་གྱི་ཁོར་སྲུང་ཐད་འཕྲད་པའི་གནད་དོན་དང་འགྲན་རྩོད། རང་རང་གིས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་པའི་ཉམས་མྱོང་ཐད་ནས་བསམ་བློ་བརྗེ་རེས་བྱས། ཚང་མའི་གཅིག་མཐུན་གྱི་བསྟན་དོན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་ལག་ལེན་ཁྲོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དོན་འཁྱོལ་དང་།དམངས་ཡོངས་དེའི་ཁྲོད་དུ་ཞུགས་པ་རྒྱུན་འཁྱོངས་བྱས་ཏེ། “གཙང་གསུམ་འབྱུང་ཡུལ་བརྟན་སྲུང”གི་ཐུན་མོང་དམིགས་འབེན་དང་དམ་དུ་འབྲེལ་ནས། རྒྱུ་མང་ཅན་གྱི་ཕན་ཚུན་གྲོས་མོལ་དང་དང་ལེན། ཐོན་ཁུངས་མཐུན་སྦྱོར། ཁེ་ཕན་དོ་མཉམ་བཅས་བྱས་ཏེ། ཁེ་ཕན་མཉམ་སྤྱོད་དང་ལས་འགན་མཉམ་ཁུར། བྱ་སྤྱོད་མཐུན་སྦྱོར་གྱི་ཁོར་ཡུག་བཅོས་སྐྱོང་དམིགས་འབེན་གྲུབ་པར་བྱས་ནས། ཁོར་ཡུག་ལ་ཕན་ནུས་ལྡན་པའི་བཅོས་སྐྱོང་བྱེད་པ་མངོན་འགྱུར་བྱུང་དགོས་ཞེས་བསྟན། 

ཐེངས་འདིའི་གླེང་སྟེགས་ཀྱིས《གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་སྲུང་འཇོན་མིའི་གསོ་སྦྱོང་སློབ་ཁྲིད་མ་ལག》ཁྱབ་བསྒྲགས་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་འཇོན་མིའི་གསོ་སྦྱོང་སྔར་ལས་མ་ལག་ཅན་དང་ཆེད་ལས་ཅན་དུ་སྐུལ་འདེད་བཏང་ནས། ཀྲུང་གོའི་ནུབ་རྒྱུད་འཇོན་མིའི་གསར་སྤེལ་ཐེབས་རྩ་ཚོགས་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་སྲུང་ཐེབས་རྩ་ཚོགས་པ་མགོ་བརྩམས་ཏེ། འཇོན་མིའི་གསོ་སྦྱོང་ལྟེ་གནས་སུ་བྱེད་པ་དང་། འདོན་སྤྲོད་དང་དགོས་མཁོ་མཐུད་སྦྲེལ། རིགས་སོ་སོའི་སྤྱི་ཚོགས་ཐོན་ཁུངས་གཅིག་སྒྲིལ་བྱས་ནས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་སྲུང་ལས་དོན་གྱི་སྒོ་འབྱེད་སྟེགས་བུ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས། 

དུས་མཚུངས་སུ། ཐེངས་འདིའི་གླེང་སྟེགས་ཀྱིས་ད་དུང་“ཀྲུང་གོའི་སྐྱེ་ཁམས་ཁོར་སྲུང་འཇོན་མིའི་སྟོན་གྲངས་ཁྲིད་གཞི་ཞིབ་འཇུག”ལས་གཞི་མགོ་བརྩམས་པ་དང་། ཚན་རིག་སྒོས་སྐྱེ་ཁམས་ཁོར་སྲུང་འཇོན་མིའི་དཔྱད་འཇོག་རྟགས་ཚད་མ་ལག་གཏན་འཁེལ་དང་། འཇོན་མིའི་སྟོན་གྲངས་མ་དཔེ་འཛུགས་སྒྲུབ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་བཞུར་ཁོངས་སོ་སོ་དང་། ཞིང་ཆེན་དང་གྲོང་ཁྱེར། ཆུས་ཀྱི་སྐྱེ་ཁམས་ཁོར་སྲུང་འཇོན་མིའི་སྟོན་གྲངས་ཞིབ་འཇུག་གཏན་འཁེལ་བྱས། 《གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་གྲོས་གཞི་ཡི་གེ》ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། ཁོར་ཡུག་ལ་གཅེས་སྐྱོང་། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས། མཉམ་དུ་མཛེས་སྡུག་གི་ཀྲུང་གོ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འཛུགས་སྐྲུན་བྱེད་པར་གྲོས་གཞི་བཏོན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།