ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས་ཏེ“ཡང་དང་བསྐྱར་དུ་འཕྲིན་བཅར་བྱེད་པ་བཅོས་སྐྱོང་བྱས་ནས་འཕྲིན་བཅར་གསོག་འཇོག་གནད་དོན་ཞི་འཇགས་སུ་གཏོང་བའི”ཆེད་དོན་བཀོད་གཏོང་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས་ཏེ“ཡང་དང་བསྐྱར་དུ་འཕྲིན་བཅར་བྱེད་པ་བཅོས་སྐྱོང་བྱས་ནས་འཕྲིན་བཅར་གསོག་འཇོག་གནད་དོན་ཞི་འཇགས་སུ་གཏོང་བའི”ཆེད་དོན་བཀོད་གཏོང་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱི་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་པའི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། བརྙན་རིས་བརྒྱུད་དེ་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་བྱ་བ་སྒྲུབ་པའི་གནས་ཚུལ་བཀོད་གཏོང་བྱས་པ་དང་། དེང་སྐབས་ཀྱི་འཕྲིན་བཅར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས། “ཡང་དང་བསྐྱར་དུ་འཕྲིན་བཅར་བྱེད་པ་བཅོས་སྐྱོང་བྱས་ནས་འཕྲིན་བཅར་གསོག་འཇོག་གནད་དོན་ཞི་འཇགས་སུ་གཏོང་བའི”ཆེད་དོན་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།

ཝང་ལིན་ཧུའུ་ཡིས་བསྟན་དོན། ངོས་ཟིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། རྒྱུན་མཐུད་འབད་འཐབ་དང་སྤོབས་པ་ཆེན་པོས་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་ནས། དུས་ལྟར་འཕྲིན་བཅར་གསོག་འཇོག་གནད་དོན་ཞི་འཇགས་སུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས། འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་འགུལ་སྒོས་འཕྲིན་བཅར་གསོག་འཇོག་གནད་དོན་ཞི་འཇགས་སུ་གཏོང་བའི་ཁོངས་གཏོགས་ས་གནས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། རྒྱུན་མཐུད་སྒོས་ཆེད་དོན་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཀྱིས་གནད་དོན་འགན་ལེན་བྱེད་པ་དང་། ཏང་སྲིད་འགོ་ཁྲིད་ཀྱིས་གནད་དོན་འགན་ལེན་བྱས་ནས་ཞི་འཇགས་སུ་གཏོང་བའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། གནད་དོན་རེ་རེར་ཞིབ་འཇུག་བྱེད་པ་དང་དོན་དག་རེ་རེར་གྲོས་མོལ་བྱེད་པ། གནད་དོན་རེ་རེ་ཞི་འཇགས་སུ་བཏང་ནས། གནད་དོན་རྩ་བ་ནས་ཐག་ཆོད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པ་གཞི་རིམ་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་འགྲོ་བ་དང་། འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྣེ་ཁྲིད་དེ་གཞི་རིམ་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་སོང་ནས། གོང་ལ་ཡར་ཞུ་བྱེད་པ་དེ་གཞི་རིམ་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འགྲོ་བར་བསྒྱུར་བ་དང་། མང་ཚོགས་ཀྱི་སྒོ་ཁ་ནས་གནད་དོན་ཞི་འཇགས་སུ་གཏོང་དགོས། གོ་རིམ་ལྡན་པར་ཞི་འཇགས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་བསམ་ཕྱོགས་རྒྱུན་འཁྱོངས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཆགས་པར་བྱས་ནས། ཁེ་དབང་སྲུང་སྐྱོབ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་སྐབས་འཕྲལ་གྱི་བཅོས་ཐབས་དང་རྩ་བཅོས་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བཟང་བོ་བྱེད་དགོས། ཁྲིམས་སྐྱོང་འཕྲིན་བཅར་བྱེད་པ་དང་། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་འཕྲིན་བཅར་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ནས། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།