ཀྲུང་གོ་བོད་ཀྱི་དྲ་བ།

གཞི་རིམ་དུ་ལོ་ངོ་ཉི་ཤུ་ལ་བྱ་བ་གཉེར་བའི་སྨན་པ་བསོད་ནམས་ཀུན་མཁྱེན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་འབྲི་སྟོད་རྫོང་ཟོ་སྐྱ་ཤང་འཕྲོད་བསྟེན་ཁང་དུ་ནད་པའི་ནད་ལ་བརྟག་བཞིན་པ། 

སྨན་པ་བསོད་ནམས་ཀུན་མཁྱེན་རང་གི་ལས་གྲོགས་དང་མཉམ་དུ་ནད་པ་ཞིག་གི་ཁྱིམ་དུ་འགྲོ་བཞིན་པ། 

སྨན་པ་བསོད་ནམས་ཀུན་མཁྱེན་དང་ཁོང་གི་ལས་གྲོགས། 

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་ནད་བརྟག་བཞིན་པ།

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་སྨན་རྩྭ་སྐམ་བཞིན་པ།

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་ནད་པའི་རྩ་ལ་བརྟག་བཞིན་པ།

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་ནད་པའི་རྩ་ལ་བརྟག་བཞིན་པ།

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་ནད་པའི་རྩ་ལ་བརྟག་བཞིན་པ།

ཟོ་སྐྱ་ཤང་གི་སྲང་ལམ་གྱི་རྣམ་པ།

འབྲི་སྟོད་རྫོང་ཟོ་སྐྱ་ཤང་འཕྲོད་བསྟེན་ཁང་།

སྨན་པ་བསོད་ནམས་ཀུན་མཁྱེན་གྱིས་ནར་པར་སྨན་གྲ་སྒྲིག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་ས་མཐོའི་ལྟེ་བ་རུ་ཆགས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཤང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་ཆེས་རྒྱང་ཐག་རིང་བའི་འབྲོག་ལས་ཤང་ཞིག་ཡིན་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚདསྨི4700ཡོད། གནས་དེའི་ས་བབ་མཐོ་ཞིང་གསོ་རླུང་དཀོན་པ། གནམ་གཤིས་ཞན་པ། ས་རྒྱ་ཆེ་ལ་མི་འབོར་ཉུང་བས“གནམ་མཐའི་ཟོ་སྐྱ”ཞེས་བརྗོད་ཀྱི་ཡོད། ལོ་རབས80ནང་སྐྱེས་པའི་བོད་རིགས་སྨན་པབསོད་ནམས་ཀུན་མཁྱེན་ནི་ཟོ་སྐྱ་ཤང་འདམ་ཆུ་གྲོང་ཚོ་རུ་སྐྱེས་པ་དང་། ཆུང་དུས་ནས་རང་གི་ཨ་ཕ་དང་མཉམ་དུ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་བྱས་པ་རེད། ལོ20ནས་བཟུང་ཁོང་གིས་ཨ་ཕའི་ཚབ་བྱས་ནས་གྲོང་གསེབ་ཏུ་ནད་དཔྱད་སྨན་བཅོས་བྱེད་མགོ་བརྩམས་ཤིང་། རིམ་བཞིན་ཟོ་སྐྱ་ཤང་དུ་སྐད་གྲགས་ཡོད་པའི་གྲོང་ཚོའི་སྨན་པ་ཞིག་ཏུ་གྱུར།

“འདམ་ཆུ་གྲོང་ཚོ་ནས་སྨུག་ཆུ་གྲོང་ཚོའི་བར་གྱི་གྲོང་ཚོའི་སྨན་པ་ངས་ལོ་བཅུ་ལྷག་རིང་སྨན་པའི་བྱ་བ་གཉེར་ཞིང་། 2012ལོར་ཟོ་སྐྱ་ཤང་འཕྲོད་བསྟེན་ཁང་དུ་ཡོང་རྗེས་ས་གནས་ཤང་གི་ནད་པ་མ་གཏོགས་ངས་ད་དུང་བོད་ལྗོངས་ཨ་མདོ་དང་། མཚོ་སྔོན་རྫ་སྟོད། ཆུ་དམར་ལེབ། ན་གོར་མོ་སོགས་ཀྱི་ནད་པ་དང་འབྲེལ་བ་བཟང་པོ་ཡོད་པས། ཉིན་རེར་ནད་པ་སུམ་ཅུ་བཞི་བཅུ་རེ་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོདཅེས་ཟོ་སྐྱ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསོད་ནམས་ཀུན་མཁྱེན་གྱིས་བཤད།

ལོ་ངོ་ཉི་ཤུ་ལྷག་ཙམ་རིང་། བསོད་ནམས་ཀུན་མཁྱེན་ས་མཐོ་འདིར་འཚོ་བ་རོལ་ནས། ཤང་ཡོངས་དང་ཉེ་འཁོར་རྫོང་དང་ཤང་གི་མང་ཚོགས་ཀྱིས་སྨན་པ་འཚོལ་བའི་ལས་འགན་སྒྲུབ་པ་མ་ཟད། སྨན་ཕྲུག50ལྷག་ཙམ་གསོ་སྐྱོང་བྱས་ནས་སྨན་རྒྱུད་ཁྲིད་དེ་ཁོང་ཚོས་གྲོང་གསེབ་དང་འབྲོག་ཁུལ་དུ་བདེ་ཐང་སྲུང་སྐྱོང་བྱེད་མཁན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

བསོད་ནམས་ཀུན་མཁྱེན་གྱི་སྣེ་ཁྲིད་འོག ཟོ་སྐྱ་ཤང་འཕྲོད་བསྟེན་ཁང2012ལོའི་མི2ནས་ད་ལྟའི་བར་སྨན་པ་དང་ལས་དོན་མི་སྣ20ལྷག་ཙམ་བར་མང་དུ་ཕྱིན་པ་དང་། འཕྲོད་བསྟེན་ཁང་ལའང་སྔ་རྗེས་སུ“མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་ཕུལ་བྱུང”དང“མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་རིག་ཚན་རྟེན་གཞི”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

“ད་ལྟ་ནད་པ་མང་པོ་ཞིག་གིས་ང་རང་ཟོ་སྐྱ་འཕྲོད་བསྟེན་ཁང་ནས་ཁ་གྱེས་མིན་གྱི་སྐད་ཆ་འདྲི་སྐབས། ངས་ཁོང་ཚོར་ས་ཆ་འདིའི་རང་བྱུང་གི་ཆ་རྐྱེན་དཀའ་ཚེགས་ཆེ་རུང་། ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་དང་རོགས་རམ་མང་པོ་བྱས་ཡོད་པས་ངས་མུ་མཐུད་དུ་གནས་འདི་བརྟན་སྲུང་བྱས་ནས། ནད་པ་སྔར་ལས་མང་པོ་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་ཁོང་གིས་བཤད། །


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།